དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས9པའི་རྒྱལ་ཡོངས་མང་ཚོགས་གངས་འཁྱགས་དུས་ཚིགས་ཀྱི་མཚོ་བྱང་མགོ་རྩོམ་མཛད་སྒོ་སྤེལ་བ།

2022-12-26 16:07:45   |   350

   རྩོམ་སྒྲིག  སངས་དོན།      དུས་ཚོད། 2022-12-26


微信图片_20221226161008.jpg

ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། སྐབས་དགུ་བའི་རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་ཀྱི་མཚོ་བྱང་མགོ་རྩོམ་མཛད་སྒོ་དང2022ལོའི་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚོའི་གངས་འཁྱགས་དགའ་རོལ་དུས་ཆེན་གྱི་བྱེད་སྒོ་དེ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚོའི་ཁ་རུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་བྱེད་སྒོའི་མགོ་རྩོམ་ཁྱབ་བསྒྲགས་བྱས།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིན་ཧོས།  ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་སོགས་ཁུལ་རིམ་པའི་མགོ་ཁྲིད་ཐེངས་འདིའི་བྱེད་སྒོར་ཞུགས། 

微信图片_20221226172229.jpg

微信图片_202212261702231.jpg

ཐེངས་འདིའི་འགྲན་སྡུར་ལ་འགྲན་ཞུགས་རུ་ཁག24དང་ལུས་རྩལ་པ་མི500 ཞུགས་ཤིང་། བྱེད་སྒོའི་ཁྲོད་དར་ཤུད་རྒྱག་པ་དང་དར་ཐོག་ལྕགས་རྟ་འགྲན་བསྡུར་སོགས་ཚོགས་པ་དང་མི་སྒེར་གྱི་རྣམ་གྲངས17ལ་འགྲན་བསྡུར་བྱེད་རྒྱུ་རེད།

微信图片_20221226170223.jpg


མཉམ་སྤྱོད།