དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་གནས་གསུམ་གཞི་གཅིག་གི་ནགས་རྩྭའི་དོ་སྲུང་གི་རྣམ་པ་གསར་བ་གྲུབ་པར་བྱས།

2022-12-26 16:44:24   |   254

རྩོམ་སྒྲིག    སངས་དོན།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   དུས་ཚོད། 2022-12-26


ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་འཁོར་རྒྱུག་ཕན་མཐོའི་སྐྱེ་ཁམས་སྲུང་སྐྱོབ་རྐྱེན་སྲོལ་བཙུགས་ནས། སྲུང་སྐྱོབ་དང་ཉམས་གསོ། དོ་དམ་བཅས་གནས་གསུམ་གཞི་གཅིག་གི་ནགས་རྩྭའི་ཐོན་ཁུངས་དོ་སྲུང་གི་རྣམ་པ་གསར་བ་གྲུབ་པར་བྱས།

མཚོ་བྱང་ཁུལ་གྱིས་ཁུལ་དང་རྫོང་། ཡུལ་ཚོ་བཅས་སུ་རིམ་པ་གསུམ་གྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་བཙུགས་པ་དང་། རིམ་པ་བཞི་ཡི་ནགས་དཔོན་རྩྭ་དཔོན་དྲུག་བརྒྱ་དང་རེ་དྲུག་བཀོད་སྒྲིག་བྱས། རྒྱལ་ཁོངས་བརྟག་བཤེར་ཐེངས་གསུམ་པ་དང་ནགས་ཚལ་ཐོན་ཁུངས་དོ་དམ་གྱི་པར་རིས་གཅིག་སོགས་གཞི་གྲངས་ཀྱི་གྲུབ་འབྲས་ལ་རྒྱབ་བརྟེན་ནས། དོ་སྲུང་རྒྱ་ཁྱོན་དེ་དོ་སྲུང་དྲ་མིག་སྟོང་ལྔ་ལྷག་ལ་བགོས་པ་དང་། སྐྱེ་ཁམས་དོ་སྲུང་པ་སྟོང་བཞི་དང་དྲུག་བརྒྱ་ལྷག་ཚང་མ་དྲ་མིག་ཅན་གྱི་དོ་དམ་མ་ལག་ཁྲོད་བཞག་ནས། ནགས་ཚལ་སྤྱི་ཆིང་འབུམ་ལྔ་དང་ཁྲི་གཉིས་སྟོང་བརྒྱད་དྲུག་བརྒྱ་དང་རྩྭ་ས་སྤྱི་ཆིང་ས་ཡ་གཉིས་དང་ཁྲི་ལྔ་སྟོང་བདུན་སུམ་བརྒྱར་ཡོངས་ཁེབས་བྱས།

ཡུལ་ཚོ་དང་གྲོང་རྡལ་སོ་སོས་སྐྱེ་ཁམས་དོ་སྲུང་པར་མི་གཏན་ཁེལ་དང་འགན་འཁྲི་གཏན་ཁེལ། ཁུལ་ཁོངས་གཏན་ཁེལ། ཚད་གཞི་གཏན་ཁེལ་བྱེད་པའི་ལྟ་སྐུལ་དོ་དམ་དཔྱད་ཞིབ་རྐྱེན་སྲོལ་ལག་བསྟར་བྱས་ནས། སྲུང་སྐྱོབ་དོ་དམ་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བཏང་། དེ་དང་མཉམ་དུ། ལྗང་མདོག་མཁྲེགས་གཏོར་གཙིགས་འཛིན་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། རྒྱལ་ཁོངས་ལྗང་བསྒྱུར་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་དང་སྟོང་བདུན་ཉིས་བརྒྱ་འཕར་སྣོན་བྱུང་བ་དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་བཅུ་བཙུགས་ལ། ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་དང་ནགས་ཤིང་ལྗང་བསྒྱུར་ཚད་སོ་སོར་བརྒྱ་ཆེའི་བཅུ་བདུན་ལྷག་དང་བརྒྱ་ཆའི་བཅོ་བརྒྱད་ལྷག་ལ་སླེབས་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི་རེ་དགུ་ལྷག་ལ་སླེབས་ནས། ཞིང་ཆེན་ཡོངས་ཀྱི་གོ་གནས་དང་པོར་སླེབས།

ལྟ་རྟོག་ཁང་གི་རྒྱང་བརྟེན་མ་ལག་དང་སྐྱེ་ཁམས་ནགས་སྲུང་བའི་སྐོར་སྲུང་སྣེ་བེད་སྤྱད་དེ། ཚན་རྩལ་དང་འགོག་སྲུང་མཉམ་འབྲེལ་རྨང་གཞི་རུ་བྱས་པའི་ལག་རྩལ་འགོག་སྲུང་མ་ལག་བཙུགས་པ་དང་། དགུན་དཔྱིད་དུས་ཀྱི་གནམ་གྲུར་བརྟེན་ནས་ཆར་བ་འབབ་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ལ། སྐྱེ་ཁམས་དོ་སྲུང་བ་སྟོང་ལྷག་རྩ་འཛུགས་བྱས་ནས་མདོ་ལ་རི་བོའི་ལྷོ་རྒྱུད་དང་སྤྱང་ཚང་སོལ་དུང་དང་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གྲུབ་འབྲས་ཐད་ནས་རྗེས་དུས་ཀྱི་དོ་སྲུང་བྱ་བ་དངོས་འབེབས་བྱས་ཏེ། བསྟུད་མར་ལོ་ང་གཉིས་རིང་བྱུང་མ་མྱོང་བའི་ནགས་ཚལ་རྩྭ་སའི་མེ་སྐྱོན་གྲུབ་འབྲས་ཆེན་པོ་སྲ་བརྟན་དུ་བཏང་།

མཚོ་བྱང་ཁུལ་གྱིས་ཐོག་མར་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ལ། མཉམ་འཛུགས་མཉམ་སྤྱོད་མཉམ་བཅོས་དང་། སྲུང་སྐྱོབ་དང་བཅོས་སྐྱོང་། མཉམ་འབྲེལ་ཆེན་པོའི་བྱ་བའི་རྐྱེན་སྲོལ་བཙུགས། དེ་ལས་གཞན།  མཚོ་སྔོན་མདོ་ལའི་བར་ལྡུམ་ཆུ་བོའི་འགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་མཚོ་སྔོན་རྐང་ཚ་འོམ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཚོད་ལྟ་ཞིབ་བཤེར་རྩིས་ལེན་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས།


མཉམ་སྤྱོད།