དེ་རིང་ནི2025ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞིའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཟི་ལིང་དུ་བསྐྱོད་པ།

2024-09-10 10:19:50   |   584

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར། བདེ་བརྟན་མདའ་བཞི། ལྗང་མདོག་བཤེར་འདེམས་ཞེས་པའི2024ལོའི་མདའ་བཞི་རྫོང་གསེར་དངུལ་ཐང་ལུག་ཤའི་ཟས་རིགས་འགྲེམ་ཚོགས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་ཐང་བོད་གནའ་ལམ637ཚོང་ལས་ཁྲོམ་གཞུང་དུ་དངོས་སུ་མགོ་བརྩམས་པ་དང་། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཐོན་རྫས་འོས་སྦྱོར་དང་འཛད་སྤྱོད་རོགས་སྐྱོར་བྱས་པ་་བརྒྱུད། “གསེར་དངུལ་ཐང་གི་ལུག་ཤའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། མང་ཚོགས་ལ་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་ཡིན།

42082bc1d108e4ff92c3370d6d4412e.jpg

བྱེད་སྒོའི་ཡུལ་དངོས། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

    ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གཏོད་རྒྱུར་དམིགས་ནས་བོད་ལུག་དང་ནོར་གནག་སོགས་ཁྲི་སྟོང་རིམ་པའི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་རིམ་པའི་སྣེ་འདྲེན་ཁེ་ལས4སྐྱེད་སྲིང་བྱ་རྒྱུར་སྐུལ་ཁྲིད་བྱས་པ། ཚན་རིག་དང་མཐུན་པའི་ངང་ཞིང་ཕྱུགས་ཐོན་ལས་རྟེན་གཞི59བཀོད་སྒྲིག་བྱས་པ། བོད་ལུག་དང་ནོར་གནག་གསོ་སྤེལ་རྟེན་གཞི7བཙུགས་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དངོས་ཚན50ལྷག་ཙམ་ཡོད་པ། ཕྱུགས་ལས་སྤུས་རྟགས7དང་སྣ་ཁ120ལྷག་ཙམ་ཡོད་པ་བཅས་དང་རྫོང་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང4800ཡོད་པས། “རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ”དང“རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་རྫོང”ནང་བཅུག་ཡོད། “མདའ་བཞིའི་ནོར་གནག”དང་“མདའ་བཞིའི་ལུག་ཤ”ཞེས་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དེ་གཉིས་ཞིང་ལས་དང་གྲོང་གསེབ་པུས་ཁས་ལེན་བྱས་པ་བརྒྱུད། “གསེར་དངུལ་ཐང་གི་ལུག་ཤ”དེ་མཚོ་སྔོན་གྱི་སྤུས་ལེགས་སྤུས་རྟགས་བརྒྱའི་གྲས་སུ་བདམས་པ་དང་། གསེར་དངུལ་ཐང་གི་ལུག་ཤའི་ཟས་རིགས་སྔོ་རྟགས་ཀྱི་སྤུས་ལེགས་ཐོན་རྫས་སུ་བདམས་ཡོད། མདའ་བཞིའི་ནས་དང་ལོག་དཀར། ཤ་སྐམ་སོགས་ཕྱུགས་ལས་ཐོན་རྫས་རིགས9ལ་ལྗང་མདོག་ཁས་ལེན་ཐོབ་ཡོད། ཞ་ཧྭ་དང་ཁུ་ཁུ་ནོར། ཆིང་ཧུའུ་ཡོན་སོགས་ཁེ་ལས5ཡི་ཐོན་རྫས29“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ལེགས་པོའི”སྤུས་ལེགས་མཛོད་དུ་བདམས་ཡོད།

9e1f9dd21840252920b0209ad22736c.jpg

ཡུལ་དངོས་སུ་ཟ་མ་གཡོ་སྐོལ་བྱེད་བཞིན་པ། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

4c356b79050d5dd46f79ac094fc4e0d.jpg

ཡུལ་དངོས་སུ་ཟ་མ་གཡོ་སྐོལ་བྱེད་བཞིན་པ། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

f6a11c1e83a6e4bf516a064efaf232c.jpg

ཡུལ་དངོས་སུ་ཟ་མ་གཡོ་སྐོལ་བྱེད་བཞིན་པ། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

8321b6c6c195c6d843c513c8cf4ed74.jpg

འོས་སྦྱོར་ཚོགས་འདུའི་ཡུལ་དངོས། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

     ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་དུས་ཡུན་ཉིན3ཡིན་པ་དང་། ཁྱོན་ཐོན་རྫས་འགྲེམ་ཁུལ40དང་ཟས་རིགས་ཁྲོམ་བཀྱག6བཀོད་སྒྲིག་བྱས་ཡོད་ལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་དང་མཉམ་ལས་ཁང་། རིག་གནས་ཐོན་རྫས་གསར་གཏོད་ཁེ་ལས29གདན་དྲངས་ནས། མདའ་བཞིའི་སྐམས་ལུག་ཤ་དང་སྐམས་ཤའི་ཤ་སྐམ་སྣ་ཚོགས། ཞོག་ཁོག ལོག་དཀར། ནས་ཐུག ནས་ཆང་སོགས་རིགས132ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྲི2.5ལྷག་ཙམ་དང་། དེ་བཞིན་ཐང་ག་དང་བོད་སྤོས། དྲི་ཞིམ་སོགས་རིགས35ཡི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས1000ལྷག་གི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་བྱས་ཡོད།

f131305a6c9ff7beb919cf4706e6e69.jpg

མདའ་བཞིའི་ཐོན་རྫས་གྲགས་ཅན། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

ed82f5c3a835f7ba494dd8ab33df8b1.jpg

གྲོང་མིས་མདའ་བཞིས་ཐོན་སྐྱེད་བྱས་པའི་ནས་ཆང་གི་བྲོ་བ་མྱོང་བཞིན་པ།། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།

3cdf263ac166ba677bc96f24fc95bc1.jpg

གྲོང་མིས་མདའ་བཞི་ཐོན་རྫས་གྲགས་ཅན་འདེམ་ཉོ་བྱེད་བཞིན་པ།། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱ་སྦྱོར་གྱི་གསར་འགོད་པ་དབྱིན་ཡའོ་ཙེང་གིས་པར་བླངས།


མཉམ་སྤྱོད།