དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཧྲན་ཤིས་པའོ་ཅི་གྲོང་ཁྱེར་དང་ཀན་སུའུ་ཐེན་ཧྲུའེ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

2024-09-12 08:44:48   |   463

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་ཁང་།      བཤེར་འབེབས།   རིན་ཆེན་ཚེ་རིང་།


ཚེས10ཉིན་གྱི་ཕྱི་དྲོ་ནས་ཚེས11ཉིན་གྱི་སྔ་དྲོ་བར།  ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧྲན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད།     པའོ་ཅི་གྲོང་ཁྱེར་དུ་ཞི་ཅིན་ཕིང་གིས་པའོ་ཅིའི་ལི་ཆས་རྟེན་རྫས་བཤམས་མཛོད་ཁང་དང་ཝུའེ་ཧོ(渭河)སྐྱེ་ཁམས་སྤྱི་གླིང་དུ་རྟོག་ཞིབ་བྱས་ནས་ས་གནས་དེ་གའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་དང་ཝུའེ་ཧོ་ཆུ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱས་ཚུལ་སོགས་ལ་རྒྱུས་ལོན་བྱས།     ཐེན་ཧྲུའེ་གྲོང་ཁྱེར་དུ་ཞི་ཅིན་ཕིང་གིས་ཧྥུའུ་ཤིས་ལྷ་ཁང(伏羲庙)དང་།    མའེ་ཅི་ཆུས་ནན་ཧྲན་ཧ་ཉུག་ཀུ་ཤུ་རྟེན་གཞི།    མའེ་ཅི་རི་བོའི་བྲག་ཕུག་བཅས་ལ་རྟོག་ཞིབ་བྱས་ནས་ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་། ཁྱད་ལྡན་དེང་རབས་རི་ཁུལ་གྱི་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས།    


མཉམ་སྤྱོད།