དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྟེང་དུ་གསུང་བཤད་གལ་ཆེན་གནང་།

2024-09-11 15:39:05   |   428

རྩོམ་སྒྲིག ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཚེས9ཉིན་ནས10ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་བྱེད་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁོ་ཚོར་འཚམས་འདྲི་ཞུས།

རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཚེས9ཉིན་ནས10ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་དེ་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱིས་ཉིན་མཚན་ཀུན་ཏུ་སེམས་སུ་ཉར་བའི་ཕུགས་འདུན་བཟང་པོ་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྣེ་སྟོན་གྱི་ལས་འགན་དང་རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན་པར་བརྟེན། ངེས་པར་དུ་གཏན་འཁེལ་བྱས་ཟིན་པའི་དམིགས་འབེན་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཟླ9པའི་ཚེས10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་སྐབས་བཞི་བཅུ་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་བྱེད་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁོ་ཚོར་འཚམས་འདྲི་ཞུས།

ལིས་ཆང་གིས་ཚོགས་འདུར་འགོ་འཛིན་གནང་། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ལིས་ཞི་སོགས་ཚོགས་འདུར་ཞུགས། ཏེན་ཞུའེ་ཞང་གིས་སྤྱི་སྡོམ་གསུང་བཤད་གནང་།

03.jpg

རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཚེས9ཉིན་ནས10ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོགས་འདུར་ཞུགས། 

ཞི་ཅིན་ཕིང་གིས་གསུང་བཤད་ནང་སློབ་གསོ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་པ་དང་། 2035ལོར་སླེབས་སྐབས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཡོད་ལ། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་པ་དང་དེའི་གྲུབ་སྟངས་རང་བཞིན་ལ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་ཅིས་ཀྱང་བསྐྲུན་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་པས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་དང་འཇོན་མིའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་ལེན་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ཆེན་པོ་ལྡན་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་ནི། རྙོག་འཛིང་ཆེ་ཞིང་བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པར་བརྟེན། ང་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དེར་དམ་པོར་དམིགས་རྒྱུ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམ་པོར་དམིགས་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་དེའི་མ་ལག་གི་ལྟ་བ་རྒྱུན་འཁྱོངས་དང་བེད་སྤྱོད་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བ། ཤེས་བྱ་སློབ་སྦྱོང་དང་ཁྱོན་ཡོངས་འཕེལ་རྒྱས་གཏོང་བ། འཇོན་མི་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ། ཚད་ལྡན་ཡིན་ལ་གོ་རིམ་ལྡན་ཞིང་གསོན་ཤུགས་འཕེལ་བར་བྱེད་པ། ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་རྩ་བ་བརྟན་པོ་ཚུགས་ཐུབ་པར་བྱེད་པ། རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བླ་སྲོག་བསྐྲུན་རྒྱུ་དང་མི་སྣ་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པའི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བཟོ་བཀོད་ལག་བསྟར་བྱེད་དགོས། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བ་དང་། ལོ་ཆུང་སློབ་མར་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་དགོས་པའི་ཐད་ནས་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ཕུགས་འདུན་བརྟན་པོ་འཛུགས་པ། འགན་འཁུར་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་གྱི་དཔེ་མཚོན་བཟང་པོ་སྤྱོད་པར་དོ་སྣང་ཆེན་པོ་བྱེད་རྒྱུ་དང་། གསར་བརྗེའི་ཐོན་ཁུངས་ཀྱི་མི་སྐྱོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལག་ལེན་དངོས་ཀྱི་ཁྲོད་ནས་མི་སྐྱོང་བ་དང་དྲ་ཐོག་ནས་མི་སྐྱོང་བའི་བར་སྟོང་དང་གཡུལ་ས་མུ་མཐུད་རྒྱ་སྐྱེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་སྤྱི་འདོམས་ཀྱིས་ལག་བསྟར་གང་ལེགས་བྱས་ཏེ། སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། འཇོན་མི་གསོ་སྐྱོང་བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་རུ་འདྲེན་དུ་འཛིན་པ་དང་། གསར་སྐྲུན་བྱེད་ནུས་མངོན་སུམ་གྱིས་ཇེ་ཆེར་གཏོང་བ་ལ་དམ་པོར་དམིགས་པ། མཐོ་རིམ་སློབ་གསོའི་བཀོད་སྒྲིག་ལེགས་སྒྱུར་བྱེད་རྒྱུ་དང་། མཐོ་རིམ་སློབ་གྲྭའི་རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ལམ་སྲོལ་དང་འཇོན་མི་གསོ་སྐྱོང་བྱེད་སྟངས་སྔར་ལས་འཐུས་ཚང་དུ་གཏོང་བ། རྨང་གཞིའི་རིག་ཚན་དང་གསར་དར་རིག་ཚན། འདྲེས་མའི་རིག་ཚན་བཅས་འཛུགས་སྐྲུན་དང་འཇོན་མི་རྩེ་གྲ་གསོ་སྐྱོང་བྱེད་པར་ཤུགས་སྣོན་དགོས། སློབ་གྲྭ་དང་ཁེ་ལས་ཀྱི་ཚན་རིག་ཞིབ་འཇུག་མཉམ་ལས་ལ་ཤུགས་བསྣན་ནས། ཚན་རྩལ་གྲུབ་འབྲས་སྔར་ལས་གང་མང་གང་མགྱོགས་ཀྱིས་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་བྱེད་དགོས། ལས་རིགས་སློབ་གསོ་དང་དཀྱུས་མའི་སློབ་གསོ་མཉམ་འདུས་བྱེད་རྒྱུ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་བཙུགས་ནས། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་བཟོ་རྩལ་མཁས་པ། རྩལ་ནུས་མཐོ་བའི་འཇོན་མི་བཅས་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས། སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་གཞུང་དྲང་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། ས་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། སློབ་ར། ཚོགས་པ་བཅས་ཀྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས། “ཇེ་ཡང་དུ་གཏོང་བ་གཉིས”ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། སློབ་ཁང་གི་སློབ་ཁྲིད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་གསོ་གཞི་གྲངས་ཅན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་ཟབ་སྤེལ་བྱེད་རྒྱུ་དང་། སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལ་ཕན་ཁེ་ཐོབ་ཁྱོན་རྒྱ་སྐྱེད་གཏོང་བ། ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་དགེ་རྒན་སྟོབས་ལྡན་དུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དགེ་རྒན་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་བཏང་ནས། དུས་རབས་གསར་པ་དང་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱི་ཆབ་སྲིད་ཀྱི་གོ་གནས་དང་སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གོ་གནས་བཅས་ཇེ་མཐོར་གཏོང་བ་དང་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་པ། དགེ་རྒན་གྱི་ལས་རིགས་ཀྱི་ལ་རྒྱ་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱས་ཏེ། དགེ་རྒན་ལ་བླ་ན་མེད་པའི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པར་བྱེད་རྒྱུ་དང་། དགེ་རྒན་གྱི་ལས་རྐང་ནི་སྤྱི་ཚོགས་ཀྱིས་ཆེས་བརྩི་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུར་སྐུལ་འདེད་ནན་མོ་གཏོང་བ་དང་། “ནང་དུ་འདྲེན་པ”དང“ཕྱིར་བསྐྱོད་རྒྱུར”སྤྱི་འདོམས་གང་ལེགས་བྱས་ཏེ། རང་རྒྱལ་གྱི་སློབ་གསོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཚད་དང་འགྲན་རྩོད་ནུས་པ། སྐད་ཆ་བཤད་དབང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་དང་སློབ་གསོའི་ཚན་རིག་ཞིབ་འཇུག་མཉམ་ལས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་སློབ་གསོ་བཅོས་སྐྱོང་ཁྲོད་འབད་པས་ཞུགས་ཏེ། འཛམ་གླིང་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་སྟོབས་ཤུགས་སྔར་ལས་གང་མང་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་ཚོགས་འདུར་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ངང་གིས་གྲུབ་པའི་ཆགས་སྟངས་རང་བཞིན་གྱི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་གནང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཚན་རིག་དང་མཐུན་པར་བྱེད་པའི་ནང་དོན་དང་གཞི་རྩའི་ཐབས་ལམ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་ཡོད་ཅིང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཐག་གཅོད་ཡང་དག་བྱེད་དགོས་པའི་འབྲེལ་བ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་པར་མ་ཟད། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་ཀྱང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེར་གཟིགས་རྒྱང་རིང་བ་དང་དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ལ། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། བྱས་རྗེས་དངོས་འཇོག་པ་དང་བྱེད་ཐབས་དོན་ལྡན་འདོན་པ། ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གྱིས་བསྟན།

ཏེན་ཞུའེ་ཞང་གིས་སྤྱི་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་རྒྱུ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བླ་སྲོག་དང་མི་གསོ་སྐྱོང་བྱེད་རྒྱུ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ་གྱི་གནད་འགག་སློབ་ཚན་ཡག་པོ་ཞིག་བསྐྲུན་དགོས། སློབ་གསོ་དང་ཚན་རྩལ་གྱི་འཇོན་མི་གཞི་གཅིག་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རྩེར་སོན་གྱི་གསར་གཏོད་འཇོན་མི་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་སེམས་ཁྲལ་དང་དཀའ་ངལ་ཅི་ཡོད་ཐག་གཅོད་ཡག་པོ་བཅས་བྱེད་དགོས། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་ཁྲིད་དང་མི་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ལྟ་སྐྱོང་དང་ཐོབ་ཐང་གི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་རྨང་གཞི་གལ་ཆེན་སྲ་བརྟན་ཡག་པོ་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། ཆུ་ཚད་མཐོ་བའི་སློབ་གསོ་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་གཏོང་བ། སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་སྒྲིག་སྲོལ་ལམ་སྲོལ་ཡག་པོ་འཛུགས་པ་བཅས་བྱེད་དགོས། ས་གནས་དང་སྡེ་ཁག ལས་ཁུངས་སོ་སོ་བཅས་ཀྱིས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཚོགས་ཆེན་གྱི་དགོངས་དོན་མི་རྣམས་ཀྱིས་སེམས་གཏིང་དུ་སིམ་པར་བྱེད་རྒྱུ་དང་། ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཚོགས་ཐོག་ནས་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། ལེའོ་ཉིང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀོས་ཀྲོའུ་ཞིང་ཆེན། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟི། པེ་ཅིང་སློབ་ཆེན་བཅས་ཀྱི་འགན་ཁུར་པས་བརྗེ་རེས་གཏམ་བཤད་བྱས།

04.jpg

ཟླ9པའི་ཚེས9ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཆང་། ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཀྱིས་དགེ་རྒན་དུས་ཆེན་སྐབས་བཞི་བཅུ་པར་རྟེན་འབྲེལ་ཞུ་བར་ཞུགས་མཁན་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱེད་སྒོར་ཞུགས་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་།

ཚོགས་འདུའི་སྔོན་ལ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་དགེ་རྒན་དུས་ཆེན་སྐབས་བཞི་བཅུ་པར་རྟེན་འབྲེལ་ཞུ་བར་ཞུགས་མཁན་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱེད་སྒོར་ཞུགས་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། འཐུས་མི་ཚོར་ཕྱག་འཇུ་གནང་ནས། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

05.jpg

ཟླ9པའི་ཚེས9ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཆང་། ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཀྱིས་པེ་ཅིང་དུ། དགེ་རྒན་དུས་ཆེན་སྐབས་བཞི་བཅུ་པར་རྟེན་འབྲེལ་ཞུ་བར་ཞུགས་མཁན་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱེད་སྒོར་ཞུགས་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། འཐུས་མི་ཚོར་ཕྱག་འཇུ་གནང་ནས། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས།

ཐེངས་འདིའི་ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་རྣམ་པས་འཚོགས། ཀྲུང་དབྱང་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་ཁག་གཅིག་དང་མཐོ་རིམ་སློབ་ཆེན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།


མཉམ་སྤྱོད།