དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་གྲོང་ཚོ(སྡེ་ཁུལ)175ལ“ཡོད་པ་བཅུའི”ལས་གྲྭ་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་བ།

2024-09-13 16:47:55   |   603

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་ཁུལ་སྲིད་གཞུང་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


  ཟླ9པའི་ཚེས2ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉིང་ཞ་གྲོང་ཚོའི“གཅེས་སེམས་སྒོ་རྩིས་ཚོང་ཁང”ལེགས་འགྲུབ་བྱུང་། དེ་ནི་ཉིང་ཞ་གྲོང་ཚོའི“ཡོད་པ་བཅུའི”ལས་གྲྭའི་ཡན་ལག་རྣམ་གྲངས10ཚང་མ་ལེགས་འགྲུབ་བྱུང་བ་མཚོན་ཡོད།     མིག་སྔའི་བར།    མཚོ་བྱང་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)242ཀྱི་ཁྲོད།  གྲོང་ཚོ175ལ“ཡོད་པ་བཅུའི”ལས་གྲྭའི་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ལོ་མཇུག་ཏུ“ཡོད་པ་བཅུའི”ལས་གྲྭའི་དམིགས་ཚད་ཁྱོན་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་ཐུབ་རྒྱུ་ཡིན་པ་རེད།          ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས《མཚོ་བྱང་ཁུལ་གྱི་གྲོང་ཚོའི(སྡེ་ཁུལ)“ཡོད་པ་བཅུའི”ལས་གྲྭ་འཛུགས་སྐྲུན་གྱི་ལས་བགོས་ཇུས་གཞི》ཞིབ་བཟོ་བྱས་ཤིང་།  གྲོང་ཚོའི(སྡེ་ཁུལ)“ཡོད་པ་བཅུའི”ལས་གྲྭ་དེ2024ལོའི་ཏང་འཛུགས་སྐྱོང་གི་རྣམ་གྲངས་གལ་ཆེན་དུ་བརྩིས་ནས་སྣེ་ཁྲིད་འགག་སྒྲོལ་དང་ཚད་མཐོ་བའི་ངང་སྐུལ་འདེད་བྱས།   ལས་གྲྭ་ལག་བསྟར་བྱས་ཚུན་ཏུ།     མཚོ་བྱང་ཁུལ་གྱིས་མ་དངུལ་སྒོར་ཁྲི2919.32བཏང་ནས་གྲོང་ཚོའི(སྡེ་ཁུལ)“ཡོད་པ་བཅུའི”ལས་གྲྭ་གསར་འཛུགས་དང་ལག་བསྟར་བྱས་པ་སྟེ། གཅིག་ནི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས(ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས)ཡིན་ལ།    ཏང་ཡོན་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་ཡོད།    གཉིས་ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་གྲོང་ཚོའི་ལོ་རྒྱུས་བཤམས་སྟོན་ཁང་ཡིན་ལ། དུས་རབས་གསར་པའི་དར་སྲོལ་གསར་པ་ལག་བསྟར་བྱེད་ཀྱིན་ཡོད།    གསུམ་ནི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་དོན་ཁང་ཡིན་ལ། དེས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པའི་ལས་འགན་ཁུར་ཡོད།    བཞི་ནི་གྲོང་ཚོའི(སྡེ་ཁུལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཡིན་ལ། དེས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཀྱིན་ཡོད།    ལྔ་ནི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ཡིན་ལ། དེས་མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྟབས་བདེ་སྐྲུན་ཡོད།    དྲུག་ནི་བདེ་སྐྱིད་ལྡན་པའི་ཟ་ཁང་ཡིན་ལ། དེས་རྒན་རྒོན་དང་གཞིས་ལུས་བྱིས་པའི་བཟའ་བཏུང་ཐག་གཅོད་བྱས་ཡོད།    བདུན་ནི་ཉལ་ཁང་ཡིན་ལ། དེས་གྲོང་ཚོའི་བཅའ་སྡོད་ལས་བྱེད་པའི་ཞག་སྡོད་གནད་དོན་ཐག་གཅོད་བྱས་ཡོད།     བརྒྱད་ནི་གཅེས་སེམས་སྒོ་རྩིས་ཚོང་ཁང(མྱུར་སྐྱེལ་ཚབ་བསྡུ་ས་ཚིགས)ཡིན་ལ།   མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་ཡོད།    དགུ་ནི་ལུས་རྩལ་ཐང་ཡིན་ལ། དེས་མང་ཚོགས་ཀྱིས་རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་བར་མཐུན་རྐྱེན་སྦྱར་ཡོད།    བཅུ་ནི་གསང་སྤྱོད་ཁང་ཡིན་ལ། མང་ཚོགས་ལ་སྟབས་བདེ་བཟོས་ཡོད། 

གྲོང་ཚོའི(སྡེ་ཁུལ)“ཡོད་པ་བཅུའི”ལས་གྲྭ་ལག་ལེན་བསྟར་བ་དེས་གྲོང་གསེབ(སྡེ་ཁུལ)ལས་དོན་སྤེལ་བའི་མཁྲེགས་ཆས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་། མང་ཚོགས་ལ་དྲིལ་སྒྲོག་དང་སློབ་གསོ།    ཞབས་ཞུ་བཅས་ཀྱི“‘མཐའ་མའི་འགག་གནད’”སེལ་བ།    ཏང་རྩ་འཛུགས་ཀྱི་བྱེད་སྒོ་དང་ཏང་ཡོན་གྱི་སློབ་གསོ།    མང་ཚོགས་ལ་ཞབས་ཞུ་བཅས་བྱེད་རྒྱ་ཆེ་རུ་ཕྱིན་པ།    གཞི་རིམ་གྱི་སྲིད་དབང་རྒྱུན་མཐུད་ངང་བརྟན་དུ་ཕྱིན་པ།    གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཏང་ཡོན་སེམས་པ་ཕྱོགས་ཤུགས།    མང་ཚོགས་བློ་ཡིད་ཚིམ་ཚད་བཅས་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད།     


མཉམ་སྤྱོད།