དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མི15ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།

2024-09-14 09:56:18   |   883

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་སྐབས་སུ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་ནས་མི15ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད།     

ཀྲུའུ་ཞིའི་བཀའ་ལྟར་ཝང་ཡུང་ཀྲི་དང་།    ཝང་ཀྲེན་དབྱི།    ལི་ཀྲེན་ཧྲེང་།    ཧོང་ཙུང་ཏེ་བཅས་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”གནང་།     

ཏིར་མ·ལུའོ་སའེ་ཧྥུའུ(མོ།    པར་ཙིར)ལ“མཛའ་གྲོགས་གཟེངས་རྟགས”གནང་བ།     

ཝང་ཞའོ་མོ་དང་ཀྲའོ་ཀྲུང་ཞན་ལ“མི་དམངས་ཀྱི་ཚན་རིག་པ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     པ་དབྱི་ཁ·ཁའེ་ལི་ཏི་པེ་ཁེ(ཐ་ཅི་ཁེ་རིགས)“མི་དམངས་སྲུང་དམག”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     ཐེན་ཧྭ(བུད་མེད)ལ“མི་དམངས་སྒྱུ་རྩལ་པ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     ཞུས་ཀྲེན་ཁྲའོ་ལ“མི་དམངས་ཀྱི་བཟོ་བ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     ཀྲང་ཅིན་ཧྥན་དང་ཧོང་ཏ་ཉན་ལ“མི་དམངས་ཀྱི་སློབ་གསོ་མཁས་པ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     ལུའུ་ཧྲེང་མེ(བུད་མེད)ལ“མི་དམངས་སྨན་དོན་ལས་དོན་པ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     ཀྲང་ཀྲུའོ་ཡོན་ལ“དཔལ་འབྱོར་ཞིབ་འཇུག་ཐད་བྱས་རྗེས་ཕུལ་བྱུང་འཇོག་མཁན”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།     ཀྲང་ཞེ་ལིན་ལ་“ལུས་རྩལ་ལས་དོན་ལ་མཛད་རྗེས་ཕུལ་བྱུང་འཇོག་མཁན”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད།     


མཉམ་སྤྱོད།