དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

2024-09-18 09:10:04   |   896

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས78པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་།

640.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ལངས་ནས། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དགེ་མཚན་ལྡན་པའི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་དང་གནད་ལ་འཁེལ་བ། གཏིང་ཟབ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་གནད་ཁོང་དུ་ཆུད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མི་དམངས་བློ་ཡིད་ཚིམ་པའི་མཚོ་བྱང་གི་སློབ་གསོ་ཡག་པོ་གཉེར་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་ཏན་ཏིག་འགྱུར་བར་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དེ་སློབ་གཉེར་སློབ་གྲྭ་སྐྱོང་རྒྱུ་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོ་རུ་ཁྱབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ"སྙུང་གཉིས"གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་རབ་དང་རིམ་པར་བརྟན་པོའི་ངང་སྐུལ་འདེད་བཏང་ནས་སློབ་གཉེར་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། འབྲིང་རིམ་ལས་རིགས་སློབ་གསོའི་ཆེད་ལས་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། ཧྲན་ཏུང་ཞིང་ཆེན་དང་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ་ཁག་དང་མཉམ་ལས་མཉམ་སྐྲུན། ཐོན་ཁུངས་མཉམ་སྤྱོད། བརྗེ་རེས་འགྲོ་འོང་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། དགེ་མཚན་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་རོགས་བཅས་བྱེད་དགོས། སློབ་གསོ་པའི་སྙིང་སྟོབས་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་དགེ་རྒན་སྟོབས་ཆེར་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། དཔེ་ཁྲིད་མི་སྐྱོང་གི་ནུས་པ་མཐོ་རུ་བཏང་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་རྨང་གཞི་གལ་ཆེན་སྲ་བརྟན་དུ་གཏོང་དགོས་ཟེར།

640 (1).jpg

ཚོགས་འདུའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དང་ཀོང་ཏུང་སོགས་ཀྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། “1+10”ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ། “རིམ་པ་ལྔའི་འགན་ལེན”གྱི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། བག་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། ཆུ་མཛོད་དང་ཆུ་ལམ། རི་དང་འགྲོ་ལམ་སོགས་ཀྱི་གནད་ཆེ་སར་དམ་པོར་དམིགས་པ། མངོན་མེད་རྐྱེན་ངན་གྲལ་བཤེར་མཐའ་གཅིག་ཏུ་བྱེད་པ། ཉེན་ཟོན་དབྱེ་ཞིབ་ལ་ཤུགས་བསྣོན་པ། མཁོ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། ཐག་གཅོད་ཀྱི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས“འབོད་བརྡ་དང་འབོད་ལན་ཡོད་པའི”ལམ་སྲོལ་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།

640 (2).jpg

ཚོགས་འདུའི་ཐོག་བསྟན་དོན། <<ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་བྱ་བའི་སྲོལ་ཡིག>>གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐོར་གཟིགས་བྱ་བ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་སྐོར་གཟིགས་ལྟ་སྐུལ་གྱི"དོན་འཁྱོལ་བཞི"ལ་དམིགས་ཏེ་རང་འགུལ་ངང་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་བ་སོ་སོའི་ཁྲོད་ཀྱི་རང་ངོས་ཀྱི་ཧེ་བག་དང་མི་འདང་ས་འཚོལ་བ། རང་བཤེར་རང་བཅོས་སོགས་སྐོར་གཟིགས་མ་བྱས་གོང་གི་གྲ་སྒྲིག་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྐོར་གཟིགས་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་ཟེར།

640 (3).jpg

ཚོགས་འདུའི་ཐོག ཟླ་མཆོད་དུས་ཆེན་རིང་གི་བྱ་བ་སོ་སོ་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱ་ཐབས་ལག་བསྟར་ནན་མོ་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་བཟའ་བཏུང་གི"གཏན་འགོག་བཅུ"ཡི་སྒྲིག་ཁྲིམས་དང་། "བྱེད་ཐབས་དགུ"ཡི་བླང་བྱར་དམིགས་ནས་རང་གཅུན་ནན་མོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོགས་དོ་དམ་ནན་མོ་བཅས་བྱས་ཏེ“དུས་ཆེན་གྱི་རུལ་སུངས”སྣ་ཚོགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་བསྣན་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ནན་མོ་བྱས་ཏེ།"འགྲུལ་པ་གཉིས་དང་ཉེན་ཁ་གཅིག དངོས་ཟོག་གཅིག་དང་ངོ་བོ་གཅིག"སོགས་གཙོ་གནད་རླངས་འཁོར་ལ་དོ་དམ་ནན་མོ་བྱེད་པ་དང"ཚད་བརྒལ་གསུམ་དང་ངལ་དུབ་གཅིག"སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ནན་མོ་བྱས་ཏེ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱས་ནས་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་བྱ་སྤྱོད་ནན་ཏན་སྤེལ་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། གཏད་རྒྱུག་ཆེ་བའི་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། མཁོ་བསྟུན་ཐག་གཅོད་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་གྱི་བྱ་བ་སོ་སོ་དམ་འཛིན་ཞིབ་ཚགས་བྱེད་དགོས། རིམ་པ་གསུམ་པའི་ལས་རེས་སྣེ་ཁྲིད་དང་མགོ་ཁྲིད་ལས་བྱེད་པ་ཕྱི་རུ་འགྲོ་བར་གནང་བ་ཞུས་ནས་སྙན་སེང་ཞུ་བ། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་ཆ་འཕྲིན་གོང་ཞུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། མཁོ་བསྟུན་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་མཁོ་བསྟུན་གྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ་དུས་ཆེན་གྱི་ལས་རེས་དང་ལས་འགན་སྒྲུབ་པའི་བྱ་བ་གཅིག་གྱུར་གྱིས་ལེགས་པར་བསྒྲུབ་དགོས་ཟེར།

640 (4).jpg

ཚོགས་འདུའི་ཐོག ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་ཁུལ་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ2024ལོའི་ཟླ9པའི་ཚེས18ཉིན་ནུབ་མཚོ་གྲོང་རྡལ་དུ་འཚོག་རྒྱུའི་གཏན་འབེབས་བྱས།


མཉམ་སྤྱོད།