དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་།

2022-12-27 17:33:15   |   238

རྩོམ་སྒྲིག  སངས་དོན།   ཡོངས་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།    ལོ་ཙཱ།  བན་དེ་སྐྱབས།


རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ལོ་བདུན་ཅུ་འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ལོ་བདུན་ཅུ་འཁོར་བའི་རིང་ལ། ཏང་གི་མགོ་ཁྲིད་འོག་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་འཕྲོད་བསྟེན་གྱི་རྣམ་པ་བསྒྱུར་བ་དང་། རིམས་ནད་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་འཇལ་བ། སྤྱི་ཚོགས་ཀྱི་བདེ་ཐང་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་རྒྱུ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བྱ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱ་བ་སྒྲུབ་སྟངས་དང་བྱེད་ཐབས་གསར་གཏོད་བཅས་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་མིག་སྔར། རང་རྒྱལ་གྱི་པྲོག་གསར་རིམས་ནད་འགོག་བཅོས་དེ་གནས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་ཡོད། སྔར་ལས་དམིགས་འབེན་ཡོད་པའི་སྒོ་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྩ་འཛུགས་ཀྱི་དགེ་མཚན་དང་མང་ཚོགས་སྐུལ་སློང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་འགུལ་ངང་བདེ་ཐང་གི་ཤེས་བྱར་སློབ་སྦྱོང་དང་བདེ་ཐང་གི་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ། མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་པ། ཡ་རབས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལག་བསྟར་བྱེད་པ། དཔལ་ཡོན་དང་བདེ་ཐང་གི་ཁོར་ཡུག་ཆུང་ཆུང་ཁྲི་སྟོང་མང་པོར་བརྟེན་ནས་རིམས་ནད་འགོག་སྡོམ་གྱི་སྤྱི་ཚོགས་ཀྱི་འགོག་སྲུང་འཛིང་རགས་ཆེན་པོ་བསྐྲུན་རྒྱུར་ཁྲིད་སྟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་གསུངས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ལོ་བདུན་ཅུ་འཁོར་བའི་རིང་ལ། ཕན་འབྲས་གཟེངས་སུ་ཐོན་པའི་མང་ཚོགས་རང་བཞིན་གྱི་འཕྲོད་བསྟེན་བྱེད་སྒོ་སྤེལ་ནས། མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པས། དེ་ནི་དམངས་ཕན་བཟོ་བཀོད་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ལམ་སྲོལ་དང་བྱ་བ་སྒྲུབ་སྟངས་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བདེ་ཐང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། མིག་སྔའི་པྲོག་གསར་རིམས་ནད་འགོག་སྡོམ་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལེགས་ཆ་འདོན་སྤེལ་བྱས་ནས། ཕྱོགས་སོ་སོའི་ཚན་རིག་དང་མཐུན་པའི་ངང་འགོག་སྡོམ་བྱེད་པའི་བརྩོན་སེམས་བསྐྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ལས་དོན་སྤེལ་ཤུགས་སྔར་ལས་ཆེ་རུ་བཏང་ནས། མང་ཚོགས་ཀྱིས་སྨན་བཅོས་བྱེད་པ་དང་རིམས་འགོག་མཁོ་ཆས་ཀྱི་དགོས་མཁོར་འགན་ལེན་ཏན་ཏིག་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་རང་རེའི་ཏང་གིས་མང་ཚོགས་ལམ་ཕྱོགས་ཀྱི་འཕྲོད་བསྟེན་རིམས་འགོག་ལས་དོན་ཐད་སྤྱོད་པའི་གྲུབ་འབྲས་ཅན་གྱི་ལག་ལེན་ཞིག་ཡིན།  ལོ་ངོ་བདུན་ཅུའི་རིང་ལ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱིས་ཏང་ཨུའི་མགོ་ཁྲིད་དང་སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཁག་མང་པོས་མཉམ་ལས། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པ་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། “འཕྲོད་བསྟེན་ཆེན་མོ་དང་བདེ་ཐང་ཆེན་མོའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འབྱུང་རྩ་ནས་བཅོས་སྒྲིག་མངོན་གསལ་དོད་པོ་བྱས་པའི་དབང་གིས། ཕན་འབྲས་མངོན་གསལ་བླངས་ཡོད།


མཉམ་སྤྱོད།