དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་བྱེད་ཐབས20བཏོན་ནས་གནས་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།

2022-12-27 16:15:54   |   373

ལོ་ཙཱ  སངས་དོན།      དུས་ཚོད། 2022-12-27


གནས་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ཉེ་ཆར《མཚོ་བྱང་ཁུལ་གྱི་གནས་སྐོར་ལྗོངས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཉི་ཤུའི》(གཤམ་དུ་བྱེད་ཐབས་ཞེས་བྲིས་ཡོད)ཡིག་ཆ་དཔར་འགྲེམས་བྱས་ཤིང་།  གནས་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“གནས་སྐོར་སྤུས་ཚད་མཐོ་རུ་གཏོང་བ”དང“གནས་སྐོར་གྱི་ལས་རྣམ་གསར་པ་གོང་འཕེལ་གཏོང་བ།” “གནས་སྐོར་གྱི་ཆ་སྡེབ་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།” “ གནས་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།”“གནས་སྐོར་དྲིལ་སྒྲོག་གི་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ།” “ གནས་སྐོར་སླར་གསོ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ།” “གནས་སྐོར་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ”བཅས་ཕྱོགས7གྱི་ཐད་ནས་གཤམ་གྱི་བྱེད་ཐབས20བཏོན་ཡོད། 

1. Aརིམ་པའི་གནས་སྐོར་ལྗོངས་ཁུལ་གསར་གཏོད་བྱེད་པ་གཙོ་རུ་འཛིན་པ། 

2. རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ས་ཁུལ་གསར་འཛུགས་དང་མཐོར་འདེགས་སུ་གཏོང་བ། 

3. ཞིང་ཆེན་རིམ་པའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ལྗོངས་ཁུལ་གསར་སྐྲུན་བྱེད་པ།

4.གནས་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ།

5. འཛད་སྤྱོད་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། 

6. རིག་གནས་ལས་རྣམ་དེ་ལྗོངས་ཁུལ་དུ་ཞུགས་པར་སྐུལ་འདེད་གཏོང་བ།

7. མཚན་ལྗོངས་གནས་སྐོར་ཉམས་ལེན་འཕེལ་རྒྱས་སུ་གཏོང་བ། 

8. དམངས་ཕན་གནས་སྐོར་གྱི་བྱེད་སྒོ་སྤེལ་བ། 

9. “དངོས་མིན་རིག་གནས་ཤུལ་བཞག+གནས་སྐོར”གྱི་ལས་རྣམ་གསར་པ་བཟོ་བ།

10.ཞབས་ཞུའི་སྒྲིག་བཀོད་ཀྱི་རིམ་ཚད་མཐོ་རུ་གཏོང་བ། 

11.ལྗོངས་ཁུལ་གྱི་ཤར་གཏོང་རང་བཞིན་ཆེ་རུ་གཏོང་བ། 

12.རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།

13.ལྗོངས་ཁུལ་འགྲེལ་བཤད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།

14.མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ།

15.དྲིལ་སྒྲོག་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱེད་པ། 

16.ས་ཁོངས་བརྗེ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ།

17.ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ།

18.བྱེད་སྒོའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། 

19.ཚད་གཞི་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། 

20.གནས་སྐོར་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ།

《བྱེད་ཐབས》ལས་གནས་སྐོར་ལྗོངས་ཁུལ་གྱིས“123”འཐབ་ཇུས་དམིགས་འབེན་ལག་བསྟར་བྱེད་རྒྱུ་གཏན་ཁེལ་བྱས་ཡོད་དེ། དེ་ནི་རྫོང་སོ་སོའི5Aརིམ་པའི་གནས་སྐོར་ལྗོངས་ཁུལ1གསར་འཛུགས་དང(ཡང་ན་གསར་འཛུགས་མིང་ཐོ་ནང་འཇུག་པ)།  བདེ་ལེགས་ངང4Aརིམ་པའི་གནས་སྐོར་ལྗོངས་ཁུལ2དང་ཡང་ན་དེའི་ཡན་གསར་འཛུགས་བྱེད་པ། བདེ་ལེགས་ངང3Aརིམ་པའི་གནས་སྐོར་ལྗོངས་ཁུལ3དང་དེ་ཡན་གསར་འཛུགས་བྱེད་རྒྱུ་དེ་རེད། 2025ལོའི་བར་དུ། ཁུལ་ཡོངས་སུAརིམ་པའི་གནས་སྐོར་ལྗོངས་ཁུལ33གསར་འཛུགས་བྱེད་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གྲོང་ཚོ་གནས་སྐོར་གྱི་གཙོ་གནས་སྡེ་བ24ཞུ་འབུལ་བྱེད་པ། སྐར་རིམ་མགྲོན་ཁང12ཞུ་འབུལ་དང་། ལག་ཁྱེར་ཡོད་པའི་སྣེ་ཤན་པ་མི12གསར་སྣོན་བྱེད་པ། དངོས་མིན་རིག་གནས་ཀྱི་རྣམ་གྲངས44ཞུ་འབུལ་དང་། ཞིང་སའི་བརྟག་ཞིབ་ཐེངས36སྤེལ་རྒྱུར་བརྩོན་ལེན་བྱེད་རྒྱུ་བཅས་རེད།


མཉམ་སྤྱོད།