དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པྲོག་གསར་གློ་ཚད་དེ་པྲོག་གསར་ཕོག་མཁན་ཞེས་མིང་བསྒྱུར་འདུག

2022-12-27 11:07:04   |   293

རྩོམ་སྒྲིག  སངས་དོན།  དུས་ཚོད། 2022-12-27


ཟླ12པའི་ཚེས26ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། པྲོག་གསར་ནད་དུག་གློ་ཚད་དེ་པྲོག་གསར་ནད་དུག་ཕོག་མཁན་ཞེས་མིང་བསྒྱུར་པ་དང་།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་གྱིས་ཁྱབ་བསྒྲགས་བྱས་པའི་བརྡ་སྦྱོར་ནང་།    2023ལོའི་ཟླ1ཚེས8ཉིན་ནས་བཟུང་།    པྲོག་གསར་ནད་དུག་ཕོག་མཁན་ལ“རིམས་ནད་རིགས་གཉིས་པ་ལྟར་དོ་དམ”བྱེད་དགོས་པའི་བླང་བྱ་བཏོན་ཡོད།     

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུའི《པྲོག་གསར་ནད་དུག་ཕོག་མཁན་ལ“རིམས་ནད་རིགས་གཉིས་པ་ལྟར་དོ་དམ”བྱེད་པའི་སྤྱིའི་ཇུས་གཞི་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་སྦྱོར》ནང་། མངའ་ཁོངས་ནང་ཡོང་མཁན་ལ་ཉིང་སྐྱུར་བརྟག་དཔྱད་དང་གཅིག་སྡུད་ལོགས་བཀར་བྱེད་རྒྱུ་མིན་པའི་བླང་བྱ་བཏོན་ཡོད་པ་དང་།   རྒྱལ་སྤྱིའི་རིམས་ནད་གནས་བབ་དང་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུའི་འགན་སྲུང་བྱེད་ནུས་ལ་གཞིགས་ནས། ཀྲུང་གོའི་སྤྱི་དམངས་དེ་རྒྱལ་ཁོངས་ཕྱི་རུ་གནས་སྐོར་དུ་སྐྱོད་པ་སོགས་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་རྒྱུ་རེད།     


མཉམ་སྤྱོད།