དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གྲངས་གཞི་ནོར་སྲིད་ཀྱིས་གླ་ཕོགས་སྤྲོད་རྒྱུར“མགྱོགས་མྱུར་དང་ བརྟན་པོ”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ།

2024-09-20 11:12:33   |   1096

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་མཚོ་བྱང་ཁུལ་མདའ་བཞི་རྫོང་ནོར་སྲིད་ཅུས་གྲངས་གཞིའི་ནོར་སྲིད་ཁོངས་གཏོགས་ལ་བརྟེན་ནས“མི་འགྲོ་རྒྱུག་མི་བྱེད་པ་དང་གྲངས་གཞིའི་ཐད་ནས་འགྲོ་འོང་མང་ཙམ་སྤྱོད་པའི”དེང་རབས་གཞུང་ལས་ཀྱི་རྣམ་པ་གསར་པ་ཁྱབ་གདལ་ཤུགས་ཆེར་བཏང་སྟེ“འགན་ལེན་གསུམ”གྱི་ལས་དོན་བརྟན་པོར་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པས“གླ་ཕོགས་འགན་ལེན”དེ“མགྱོགས་མྱུར་དང་བརྟན་པོ”ཡོང་བ་དངོས་སུ་མངོན་འགྱུར་བྱུང་བ་རེད།

མདའ་བཞི་རྫོང་གིས“གྲངས་གཞི”ལ་བརྟེན་ནས་གླ་ཕོགས་སྤྲོད་རྒྱུ་ཇེ་མགྱོགས་སུ་བཏང་ཡོད། གྲངས་གཞིའི་ནོར་སྲིད་ཁོངས་གཏོགས་ཀྱིས་གླ་ཆ་སྤྲོད་པའི་བརྒྱུད་རིམ་སྔར་བས་ཇེ་ལེགས་སུ་བཏང་ནས་དངུལ་ཁང་ཁོངས་གཏོགས་དང་མཉམ་དུ་གྲངས་གཞི་བརྒྱུད་སྐྱེལ་ཐུབ་པ་དང་། གླ་ཆ་སྤྲོད་པའི་གྲངས་གཞི་དེ་སྐད་ཅིག་ནང་དངུལ་ཁང་དུ་གཏོང་ཐུབ་བྱས་ནས་དངུལ་ཁང་གིས་འཕྲལ་དུ་ཐག་གཅོད་བྱེད་པ་དང་འབྲེལ་མི་སྒེར་གྱི་རྩིས་ཁྲར་ཡང་སྤྲོད་ཀྱི་ཡོད་པ་རེད། གྲངས་གཞི་བརྒྱུད་སྐྱེལ་བྱེད་སྟངས་དེ་རིགས་ཀྱིས་གླ་ཆ་སྤྲོད་པའི་དུས་ཐོག་རང་བཞིན་འགན་ལེན་ཐུབ་པ་དང་། སྲོལ་རྒྱུན་གྱི་གླ་ཆ་སྤྲོད་སྟངས་ཁྲོད་ཐོན་པའི་ནར་འགྱངས་དང་ནོར་འཁྲུལ་གྱི་སྣང་ཚུལ་མི་ཐོན་པ། གྲངས་གཞིར་དབྱེ་ཞིབ་དང་ཐབས་ཇུས་ཀྱི་རྒྱབ་སྐྱོར་སྟབས་བདེ་རུ་ཕྱིན་པ། ནོར་དོན་མི་སྣའི་ལས་དོན་སྟབས་བདེ་རུ་ཕྱིན་པ། ལས་ཕྱོད་ཆེ་རུ་ཕྱིན་པ་བཅས་རེད།

མདའ་བཞི་རྫོང་གིས“ཞིབ་བཤེར”བྱས་པའི་གྲུབ་འབྲས་ཐོབ་པའི་གླ་ཕོགས་གཏོང་སྤྲོད་གནད་ལ་འཁེལ་ཚད། གྲངས་གཞིའི་ནོར་སྲིད་ཁོངས་གཏོགས་ཀྱིས་གྲངས་གཞི་ཕབ་འཇུག་དང་ཞིབ་རྩིས། ཞིབ་མཆན་འགོད་པ་ནས་འགྲེམ་གཏོང་བྱེད་པའི་རང་འགུལ་གྱི་ཐག་གཅོད་མངོན་འགྱུར་བྱུང་ནས། གླ་ཆ་སྤྲོད་རྒྱུ་གནད་ལ་འཁེལ་ཞིང་ནོར་འཁྲུལ་མེད་པའི་འགན་ལེན་ཐུབ་ནས་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚོའི་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ་མ་ཟད། ནོར་སྲིད་ལས་དོན་གྱི་ནུས་ཤུགས་དང་སྟབས་བདེའི་ཞབས་ཞུའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད། ཟླ་བརྒྱད་པའི་ཟླ་མཇུག་བར་རྫོང་ཡོངས་ཀྱི་ནོར་སྲིད་ཀྱིས་བསྙེན་བཀུར་བྱེད་པའི་མི་སྣའི་གླ་ཕོགས་ཁྱོན་སྒོར་དུང་ཕྱུར1.86སྤྲད་ནས་ནོར་སྲིད་ཀྱིས་གཅིག་གྱུར་གཏོང་སྤྲོད་བྱས་པའི་མི་སྣའི་གླ་ཕོགས་དུས་ཐོག་ཏུ་ཆད་ལྷག་མེད་པར་སྤྲོད་རྒྱུ་འགན་ལེན་བྱས་ཡོད་པ་རེད།

མདའ་བཞི་རྫོང་གིས“ཕྱོགས་མང་མཐུན་སྦྱོར”བྱས་ནས་གླ་ཕོགས་སྤྲོད་པའི་བརྟན་ལྷིང་རང་བཞིན་ཆེ་རུ་བཏང་། གྲངས་གཞིའི་ནོར་སྲིད་ཁོངས་གཏོགས་ནང་ནོར་སྲིད་སྡེ་ཁག་གིས་སྒྲིག་ཁོངས་གཞུང་ལས་ཁང་དང་རྩ་འཛུགས། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་། དངུལ་ཁང་སོགས་སྡེ་ཁག་མང་པོ་དང་མཉམ་ལས་བྱས་ནས་སྡེ་ཁག་དབར་གྱི་ཆ་འཕྲིན་བཀག་རྒྱ་མེད་པར་བཟོས་པ་དང་། གྲངས་གཞིའི་གནད་འཁེལ་རང་བཞིན་དང་གཅིག་མཐུན་རང་བཞིན་ཆེ་རུ་བཏང་ནས་རྗེས་མཐུད་གླ་ཆ་བརྟན་པོའི་ངང་སྤྲོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།


མཉམ་སྤྱོད།