དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་གི་བརྩམས་ཆོས་བཞི་ལ་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པའི་སྟེང་བྱ་དགའ་ཐོབ།

2024-09-20 15:09:10   |   996

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་མི་དམངས་སྲིད་གཞུང་། རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་འབར་ཁམས་གྲོང་ཁྱེར་ནས་ཡོངས་སུ་མཇུག་སྒྲིལ།

དེའི་རིང་བོད་རང་སྐྱོང་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་གསར་འགྱུར་བརྩམས་ཆོས474དཔྱད་འདེམས་བྱས་པ་དང་། ཚགས་པར་དང་དུས་དེབ་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས126། རླུང་འཕྲིན་བརྙན་འཕྲིན་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས75། དྲ་བ་དང་སྨྱན་སྦྱོར་གསར་པའི་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས110། གཏམ་བརྗོད་དཔྱད་རྩོམ་རིགས་ཀྱི་ཕུལ་བྱུང་བརྩམས་ཆོས30བཅས་བདམས་ཐོན་བྱུང་ཞིང་། མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་གིས་འོས་སྦྱོར་བྱས་པའི་བརྩམས་ཆོས《ཆོས་དབྱིངས་སྐྱིད་ཀྱིས་གཟི་བརྗིད་དང་མཚན་སྙན་བསྣམས་ནས་ཕ་ཡུལ་དུ་སླེབས་བྱུང་།》ཞེས་པར་ཨང་དང་པོ་ཐོབ་ཅིང་། 《སྦྲ་ནག་གི་བསྟོད་པ།》དང《མེས་པོའི་གཏམ་དཔེ། ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གླེང་བ།》ཞེས་པར་ཨང་གཉིས་པ་ཐོབ་ལ། 《ཚོགས་ཆེན་གཉིས་ཀྱི་སྐད་གཉིས་ལོ་ཙཱའི་བྱ་བར་འཐུས་མི་དང་ཨུ་ཡོན་གྱི་བསྔགས་བརྗོད་ཐོབ།》ཅེས་པར་ཨང་གསུམ་པ་ཐོབ།


བྱ་དགའ་ཨང་དང་པོ།

ཆོས་དབྱིངས་སྐྱིད་ཀྱིས་གཟི་བརྗིད་དང་མཚན་སྙན་བསྣམས་ནས་ཕ་ཡུལ་དུ་སླེབས་བྱུང་།》ཞེས་པའི་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ།


བྱ་དགའ་ཨང་གཉིས་པ།

《སྦྲ་ནག་གི་བསྟོད་པ》ཞེས་པའི་བརྩམས་ཆོས་ལ་བྱ་དགའ་ཨང་གཉིས་པ་ཐོབ།


བྱ་དགའ་ཨང་གཉིས་པ།《མེས་པོའི་གཏམ་དཔེ། ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གླེང་བ》ཞེས་པའི་བརྩམས་ཆོས་ལ་བྱ་དགའ་ཨང་གཉིས་པ་ཐོབ།


བྱ་དགའ་ཨང་གསུམ་པ།《ཚོགས་ཆེན་གཉིས་ཀྱི་སྐད་གཉིས་ལོ་ཙཱའི་བྱ་བར་འཐུས་མི་དང་ཨུ་ཡོན་གྱི་བསྔགས་བརྗོད་ཐོབ》ཅེས་པའི་བརྩམས་ཆོས་ལ་བྱ་དགའ་ཨང་གསུམ་པ་ཐོབ།

མདོ་ལ་ཚགས་པར་ཁང་གིས་དུས་དང་རྣམ་པ་གང་དུ་སྨྱན་སྦྱོར་མཉམ་འདྲེས་ཀྱི་གོམ་འགྲོས་དང་བསྟུན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ཞིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ཏེ། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་དྲང་ཕྱོགས་ཀྱི་དྲིལ་སྒྲོག་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་མཚོ་བྱང་དང་དེ་བཞིན་བོད་འབྲེལ་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྔོག་འདོན་དང་དྲིལ་སྒྲོག་གི་ནུས་པ་འདོན་སྤེལ་བྱས་པ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་དྲིལ་སྒྲོག་ཤུགས་ཆེན་བྱས་ཤིང་། བོད་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་མངོན་པར་བྱས་ལ། ཡང་དག་པའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ཡོད།


མཉམ་སྤྱོད།