དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ནུབ་རྒྱུད་རྟ་རྩལ་སྤྲོ་སྐྱིད་ཁང་དུ་རྟོག་ཞིབ་གནང་།

2024-09-23 09:16:24   |   494

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རུ་སྣེ་ཁྲིད་དེ་པེ་ཅིང་ནུབ་རྒྱུད་མི་ཆེན་རྟ་རྩལ་སྤྲོ་སྐྱིད་ཁང་དུ་རྟའི་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཤིང་། སྔ་རྗེས་སུ་ཁང་བའི་ནང་དང་ཁང་ཕྱིའི་རྟ་ར། རྟ་གསོ་ཁང་བ། རྟ་འཁྲུད་ཁུལ་དང་གཟན་ཆས་མཛོད་ཁང་སོགས་ཀྱི་སྒྲིག་བཀོད་ལ་ལྟ་སྐོར་བྱས་ནས་རྟའི་རིགས་དང་གསོ་སྤེལ་དོ་དམ། རྟ་རྩལ་གསོ་སྦྱོང་། འགྲན་སྡུར་རྩ་འཛུགས། རྟ་རྩལ་རིག་གནས་ཁྱབ་གདལ་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ལ། ལྕགས་ཟོར་སྐོར་བ་རྒྱག་པ་དང་འཕྲེད་རྒྱུག་བྱེད་པ། རྟ་འོག་ཏུ་མི་འགྲོ་བ་སོགས་རྟ་རྩལ་འཁྲབ་སྟོན་ལ་གཟིགས་པར་མ་ཟད། སྤྲོ་སྐྱིད་ཁང་གི་འགན་འཁུར་བ་དང་བཞུགས་མོལ་བརྗེ་རེས་གནང་ཞིང་། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ཁུལ་ནི་རྩྭ་ཆུ་ཕུན་སུམ་ཚོགས་པ་དང་རྟ་གསོ་བའི་ལོ་རྒྱུས་ཡུན་རིང་ལྡན་ལ་རྟའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པས། མཚོ་སྔོན་གྱོ་རྒྱའི་འབྱུང་ཁུངས་ཡིན། གནའ་སྔ་མོ་ནས་བཟུང་མཚོ་བྱང་གི་རྒྱ་ཆེའི་མང་ཚོགས་ལ་རྟ་གསོ་བ་དང་རྟ་ལ་དགའ་བའི་སྲོལ་རྒྱུན་ཡོད་པ་དང་རྟ་རྒྱུག་བྱེད་སྒོར་མང་ཚོགས་ཀྱིས་སྔར་ལས་དགའ་བསུ་ཐོབ་པས་མདའ་བཞི་རྫོང་ལ་རིག་གནས་པུས"རྟ་རྩལ་རྫོང"གི་མཚན་སྙན་གནང་བ་དང་། མཚོ་བྱང་ཁུལ་གྱི་རྟའི་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ་དང་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་སྔ་རྗེས་སུ་མཚོ་སྔོན་མཚོ་བྱང་མཚོ་སྔོན་པོ་རྟ་རྒྱུག་འགྲན་སྡུར་ཆེན་མོ་དང་མཚོ་སྔོན་འཇུ་ལག"མཚོ་སྔོན་གྱོ་རྒྱ་རྟགས་མའི"རྟ་རྒྱུག་འགྲན་སྡུར་སྐབས་དང་པོ། "ཞལ་དཀར་རྟགས་མའི"མཐོ་སྒང་རྟ་རྒྱུག་འགྲན་སྡུར་སྐབས་དང་པོ་སོགས་རྟ་རྒྱུག་བྱེད་སྒོ་ཆེ་གྲས་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། ལྷག་པར་དུ་ད་ལོར་བསྟུད་མར"མཚོ་སྔོན་གྱོ་རྒྱ་རྟགས་མའི"མཚོ་སྔོན་པོ་མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟ་རྒྱུག་ལྷག་རིམ་འགྲན་སྡུར་ཆེན་མོ་དང་། 2024ལོའི་ཝ་མགྱོགས་ཆུ་ཁོལ་ཕ་སའི"སྨོན་ལམ་མཐོན་པོ་རྟགས་མའི"དབྱར་དུས་རྟ་རྒྱུག་འགྲན་སྡུར། མཚོ་བྱང་ཁུལ་གྱི"ནུབ་བྱང་རྟའི་རྒྱལ་བོའི་རྒྱལ་ཁའི་བང་འགྲན་ཆེན་མོ"སྐབས་དང་པོ། གསེར་དངུལ་ཐང་གི"ཧུང་ཡོན་རྟགས་མའི"མཚོ་སྔོན་གྱོ་རྒྱ་རྟ་རྒྱུག་འགྲན་སྡུར་སོགས་འགྲན་སྡུར་མང་པོ་སྤེལ་ནས་ཁུལ་གཞན་གྱི་འགྲན་ཞུགས་པ་མང་པོ་མཚོ་བྱང་དུ་འགྲན་སྡུར་ལ་ཞུགས་པའི་ཡིད་དབང་བཀུགས་ཡོད་ཟེར།

640.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དོན་ཐིན་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གཞུང་དོན་ཐིན་གྱིས་པར་འགྲེམས་བྱས་པའི<<རྒྱལ་ཡོངས་ཀྱི་རྟའི་ཐོན་ལས་འཕེལ་རྒྱས་འཆར་འགོད(2020-2025)>>ནང་དེང་རབས་རྟའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་ལ་རོགས་རམ་དང་རོང་འབྲོག་པའི་ཡོང་འབབ་ལ་སྐུལ་འདེད་གཏོང་བ། ལུས་རྩལ་དང་རིག་གནས་གནས་སྐོར་གྱི་ལས་རྣམ་གསར་པ་དང་མ་དཔེ་གསར་པ་སྐྱེད་སྲིང་བྱས་ནས་མང་ཚོགས་ཀྱི་དངོས་པོ་དང་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། ཀྲུང་ཧྭའི་རྟའི་རིག་གནས་དར་སྤེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པར་བསྟན་འདུག མཚོ་བྱང་ཁུལ་གྱིས་པེ་ཅིང་ནུབ་རྒྱུད་མི་ཆེན་རྟ་རྩལ་སྤྲོ་སྐྱིད་ཁང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་ནས་རྟའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། རྟའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་རྟའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པ་དང་། དགུན་དུས་ཀྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ཕྱུག་འགྱུར་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་མོ་བྱེད་དགོས་ཏེ། གཅིག་ནས་རྟའི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གནས་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། མཚོ་བྱང་གི་གཏིང་ཟབ་པའི་རྟའི་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་ད་ཡོད་ཀྱི་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་ཡག་པོར་སྤེལ་བ། མང་ཚོགས་དེ་བས་མང་བ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པའི་རྨང་གཞིའི་ཐོག་ཧོ་པེ་ཨན་ཕིང་རྫོང་གི་རྟ་རྩལ་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་། ཧྥེང་ཉིང་རྫོང་པ་ཧྲང་རྩྭ་ཐང་གི་རྟའི་ཐོན་ལས་འཕེལ་རྒྱས་སོགས་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་ནས་དེང་རབས་རྟ་རྩལ་འགྲན་སྡུར་གྱི་རྣམ་གྲངས་རིམ་བཞིན་ནང་འདྲེན་བྱས་ཏེ། མཚོ་བྱང་གི་དོན་དངོས་དང་མཐུན་པ་དང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྟའི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་དགོས། དེ་དང་ཆབས་ཅིག པེ་ཅིང་ནུབ་རྒྱུད་མི་ཆེན་རྟ་རྩལ་སྤྲོ་སྐྱིད་ཁང་དང་ཧྲན་ཏུང་ཞིང་ཆེན་རྟ་རྩལ་མཐུན་ཚོགས་སོགས་སྒྲིག་གཞི་དང་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་དང་མཐོང་ཆེན་བྱས་ཏེ་མཚོ་བྱང་གི་རྟའི་ཐོན་ལས་ཀྱི་སྙན་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་གནས་སྐོར་བ་སྔར་ལས་མང་བ་མཚོ་བྱང་དུ་ཡོང་ནས་རྟའི་རིག་གནས་མྱོང་རོལ་དང་ཉམས་ལེན་བྱེད་པའི་ཡིད་དབང་བཀུག་སྟེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རྟའི་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་བྱེད་དགོས། གཉིས་ནས་ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས། ཁུལ་ཡོངས་ཀྱི་རྟ་གསོ་སྤེལ་ཁྱིམ་ཚང་གི་རྟའི་གསོ་སྤེལ་དོ་དམ་དང་ནད་ཡམས་འགོག་བཅོས་སོགས་ཐད་ཀྱི་ཆེད་ལས་གསོ་སྦྱོང་ལ་ཤུགས་བསྣན་ནས་ཚད་ལྡན་ཅན་གྱི་རྟ་ར་དང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། རྟ་གསོ་སྤེལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་རྟའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་དགོས། རྟའི་ཡིག་ཚགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་རྟ་རེ་རེའི་སྐྱེ་འཕེལ་དང་སྐྱེས་ཚུལ། བདེ་ཐང་གི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ཐོ་འགོད་ཞིབ་ཕྲ་བྱས་ཏེ་དོ་དམ་དང་ཁུངས་འདེད་སྔར་ལས་ལེགས་པོ་ཡོང་བར་བྱེད་དགོས། གསུམ་ནས་རྟ་རྒྱུད་ཇེ་ལེགས་སུ་གཏོང་བ་དང་རྒྱུད་བཟང་གསོ་སྤེལ་ལ་སྐུལ་འདེད་གཏོང་དགོས།     མགྱོགས་མྱུར་སྒོས་མཚོ་བྱང་ཁུལ་གྱི་རྒྱུད་བཟང་རྟ་གསོ་སྤེལ་རྟེན་གཞི་སྐྲུན་པ་དང་རིམ་པ་མཐོ་བའི་རྟ་རྒྱུད་ལེགས་བཅོས་དང་གསོ་སྤེལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ནང་གི་སྐད་གྲགས་ཡོད་པའི་རྟ་རྒྱུད་གསོ་སྤེལ་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་མཚོ་བྱང་གི་གནམ་གཤིས་དང་ས་ཁམས་ཁོར་ཡུག་དང་འཚམ་པའི་རྟ་རྒྱུད་བཟང་པོ་ནང་འདྲེན་བྱེད་དགོས་པར་མ་ཟད། དེང་རབས་སྐྱེ་དངོས་ལག་རྩལ་སྤྱད་དེ་མཚོ་བྱང་གི་རྟ་རྒྱུད་ལེགས་བཅོས་བྱས་ནས་རྟའི་མྱུར་ཚད་དང་དབུགས་ཐག གཟུགས་དབྱིབས་སོགས་ཐད་ཀྱི་ནུས་པ་མཐོ་རུ་བཏང་སྟེ་མཚོ་བྱང་གི་རྟའི་ཁྲོམ་རའི་ཐོག་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་རྟའི་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།  པེ་ཅིང་ནུབ་རྒྱུད་མི་ཆེན་རྟ་རྩལ་སྤྲོ་སྐྱིད་ཁང་དང་ཧྲན་ཏུང་ཞིང་ཆེན་རྟ་རྩལ་མཐུན་ཚོགས་སོགས་སྒྲིག་གཞིའི་སྟེགས་བུར་བརྟེན་ནས“ནང་དུ་འདྲེན་པ”དང“ཕྱི་རུ་བསྐྱལ་བ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆེད་ལས་ཀྱི་རྟ་རྩལ་དགེ་རྒན་ཁག་ཅིག་དུས་ཚོད་དམ་འཛིན་གྱིས་གསོ་སྦྱོང་བྱས་ཏེ་རྟ་རྩལ་གསོ་སྦྱོང་བྱ་རྒྱུ་དེ་བྱང་ཚད་སློབ་གསོ་དང་གནས་སྐོར་ཉམས་ལེན་ལས་གཞིའི་ནང་བཅུག་ནས་མང་ཚོགས་དེ་ལས་མང་བ་རྟ་རྩལ་ལུས་རྩལ་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྟ་རྩལ་གསོ་སྦྱོང་གི་ཆས་རྟགས་གཏོད་རྒྱུའི་འཚོལ་ཞིབ་བྱེད་དགོས། ལྔ་ནས་རྟའི་རིག་གནས་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།  མཚོ་སྔོན་གྱོ་རྒྱ་དང་འཇུ་ལག་རྟ་གསོ་ར་བའི་ལོ་རྒྱུས་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ནས་རྟའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྟའི་རིག་གནས་རྟེན་མཛོད་ཁང་འཛུགས་སྐྲུན་བྱས་ཏེ་ཕྱི་ཕྱོགས་སུ་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རྟའི་རིག་གནས་འགྲེམས་སྟོན་བྱ་རྒྱུའི་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ལ། དེ་དང་ཆབས་ཅིག དེང་རབས་སྨྱན་སྦྱོར་དང་དྲ་རྒྱའི་ལས་སྟེགས་སྤྱད་ནས་མཚོ་བྱང་གི་རྟའི་རིག་གནས་དང་རྟའི་ཐོན་ལས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དེ་ལས་མང་བས་མཚོ་བྱང་གི་རྟའི་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་དང་མ་འཇོག་རིན་ཐང་ཤེས་རྟོགས་ཐུབ་པར་བྱས་ནས་མཚོ་བྱང་གི་རྟའི་ཐོན་ལས་དང་གནས་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཟེར།

640 (1).jpg

640 (2).jpg

ཁུལ་གྱི་མགོ་ཁྲིད་ཧན་ཧྲི་དང་། པེ་ཅིང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ལས་ཁུངས་ཀྱི་གནས་སྦྱར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས།    


མཉམ་སྤྱོད།