དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཐོན་པོ་སྒང་སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཆོག་འཐུས་སྙན་ཞུར་ཆེད་མཁས་པས་དཔྱད་ཞིབ་ཐོབ།

2022-12-28 09:01:20   |   277

རྩོམ་སྒྲིག  སངས་དོན།    དུས་ཚོད། 2022-12-28


མཚོ་བྱང་ཁུལ་མདའ་བཞི་རྫོང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ལས་གྲྭའི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་དང་། མཚོ་བྱང་དེ་རྒྱལ་སྤྱིའི་ས་མཐོའི་སྐྱེ་ཁམས་གནས་སྐོར་དམིགས་སར་གསར་འཛུགས་བྱེད་པ། ས་གནས་ཀྱི་གསར་བརྗེའི་རིག་གནས་དྲིལ་བསྒྲགས་བྱེད་ཤུགས་བཅས་ཆེ་རུ་གཏོང་ཆེད། མཚོ་བྱང་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས2022ལོའི་ཟླ12ཚེས24ཉིན“དྲ་ཐོག+དྲ་ཕྱིའི”་བྱེད་ཐབས་སྤྱད་དེ《མཐོན་པོ་སྒང་སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལས་གཞིའི་ཆོག་འཐུས་རང་བཞིན་གྱི་སྙན་ཞུ》ཡི་ཞིབ་བཤེར་ཚོགས་འདུ་འཚོགས། ལས་གཞི་འདི་ནི་རང་ཁུལ་གྱི་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་སྤྱིའི་འཆར་འགོད་རྣམ་གྲངས་ཀྱི་ཡ་གྱལ་ཞིག་ཡིན་ལ། ནུབ་མཚོ་གྲོང་རྡལ་གྱི5Aརིམ་པའི་མཛེས་ལྗོངས་ཁུལ་གསར་བཏོད་བྱེད་པར་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཡིན། ཆེད་མཁས་པས་བསྟན་དོན། ལས་གཞི་འདི་མཚོ་བྱང་འཕེལ་རྒྱས་ཀྱི་དགོས་མཁོ་ལ་བྱེད་འཐུས་རང་བཞིན་དང་དགོས་ངེས་རང་བཞིན་ངེས་ཅན་ཞིག་ཡོད་པ་མ་ཟད། བྱེད་འཐུས་རང་བཞིན་གྱི་སྙན་ཞུ་སྒྲིག་འབྲི་བྱེད་པ་བླང་བྱ་དང་འཚམ་པ་ཡིན་པས་གཅིག་མཐུན་གྱིས་དཔྱད་ཞིབ་རྩིས་ལེན་བྱས་པ་ཡིན་ཟེར། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ། ཉིང་རྡུལ་མཚོན་ཆ་ཞིབ་བཟོ་སྲུང་སྐྱོང་བེད་སྤྱོད་གཞུང་ལས་ཁང་། མདའ་བཞི་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུ། མཚོ་སྔོན་མཚོ་བྱང་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ད་ཐེངས་ཀྱི་དཔྱད་ཞིབ་ཚོགས་འདུར་ཞུགས་པ་རེད།


མཉམ་སྤྱོད།