མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

སྨན་བཅོས་འགན་སྲུང་གི་ལུགས་མཐུན་མིན་པའི་ཚད་བཀག་མེད་པར་བཟོ་རྒྱུ་རེད།

2022-12-28 10:37:15   |   118

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།    ལོ་ཙཱ།  ལྷ་ཆེན་རྒྱལ།


རང་རེའི་དྲ་བའི་འཕྲིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས《སྨན་བཅོས་འགན་སྲུང་གི་ལུགས་མཐུན་མིན་པའི་ཚད་བཀག་ཁྱོན་ཡོངས་ནས་རྩད་ཞིབ་དང་མེད་པར་བཟོ་བའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ཏེ། གཙོ་བོ་སྨན་བཅོས་འགན་སྲུང་གི་གྲོས་ཆིངས་དོ་དམ་དང་སྔོན་རྩིས་དོ་དམ། དཔྱད་ཞིབ་བསྡོམས་རྩིས་སོགས་ཀྱི་ཐད་ནས་ལུགས་མཐུན་མིན་པའི་ཚད་བཀག་དང་བླང་བྱ་བཏོན་ཡོད་པ། སྨན་བཅོས་འགན་སྲུང་མི་སྣའི་ཁེ་ཕན་ལ་གནོད་སྐྱོན་ཕོག་ཡོད་མེད་ལ་རྩད་ཞིབ་བྱ་རྒྱུ།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱ་རྒྱུར། མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་དེ་སྔའི་ཞིབ་འཇུག་གནས་ཚུལ་ལྟར། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་བཞིན་པའི་གནད་དོན་རིགས་ཆེན་པོ་གསུམ་ཡོད།

གཅིག ཞག་སྡོད་སྨན་བཅོས་ཞབས་ཞུའི་སྐོར། སྨན་བཅོས་འགན་སྲུང་ལ་གནས་གཏན་སྨན་ཁང་གི་ལོ་འཁོར་གྱི་སྤྱིའི་སྔོན་རྩིས་མ་དངུལ་ཚན་རིག་དང་མི་མཐུན་པ་དང་ཚུལ་མཐུན་གྱི་ལེགས་སྒྲིག་སྒྲིག་གཞི་དཀོན་པའི་གནས་ཚུལ་ཡོད་མེད་དང་། ནད་པའི་ཞག་སྡོད་སྨན་བཅོས་ཉིན་གྲངས་ལ་ཚད་བཀག་བཟོས་ཏེ། ནད་པར་འགན་མི་འཁུར་པ། ནད་པ་སྨན་ཁང་ནས་ཕྱིར་འབུད་དུ་འཇུག་པ་སོགས་ཀྱི་གནས་ཚུལ་ཡོད་མེད་སྐོར་ནས་རྩད་ཞིབ་བྱ་རྒྱུ།

གཉིས། སྒོ་བསྟེན་སྨན་བཅོས་ཞབས་ཞུའི་སྐོར། སྨན་བཅོས་འགན་སྲུང་མི་སྣས་སྨན་རྫས་སྤྱོད་པའི་ཞིབ་ཕྲའི་ཉིན་གྲངས་དང་དངུལ་གྲངས་ལ་ཚད་བཀག་བཟོས་ཏེ། སྨན་ཁང་ནས་དུས་ཡུན་རིང་བོར་སྨན་ལེན་མི་ཐུབ་པ་དང་སྨན་ལེན་པར་སྟབས་བདེ་མིན་པའི་གནས་ཚུལ་ཡོད་མེད་ལ་རྩད་ཞིབ་བྱ་རྒྱུ།

གསུམ། སྨན་བཅོས་འགན་སྲུང་གི་དཔྱད་ཞིབ་དོ་དམ་སྐོར། སྨན་བཅོས་འགན་བཅོལ་གྱིས་ཐད་ཀར་འབྲེལ་ཡོད་སྡེ་ཁག་གི་དོ་དམ་དམིགས་ཚད་དེ་སྨན་བཅོས་འགན་བཅོལ་སྡེ་ཁག་གི་དོ་དམ་དམིགས་ཚད་དུ་སྤྱོད་བཞིན་ཡོད་མེད་ལ་རྩད་ཞིབ་བྱ་རྒྱུ། དཔེར་ན། ཞག་སྡོད་དང་སྒོ་བསྟེན་སྨན་བཅོས་གྲོན་དངུལ། སྨན་གྱི་བསྡུར་ཚད་སོགས་སྨན་བཅོས་འགན་སྲུང་སྡེ་ཁག་གི་དོ་དམ་གཏན་འབེབས་ལ་གོ་ནོར་ཐེབས་ཀྱིན་ཡོད་པ་ལྟ་བུ།

ཐེངས་འདིར་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྩད་ཞིབ་བྱ་རྒྱུ་ཡིན་ཞིང་། དེའི་ཁྲོད་ཡུལ་དངོས་སུ་བསྐྱོད་པ་དང་འཕྲིན་ལམ། མང་ཚོགས་ཀྱི་གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་འདུ། ཁྱོན་ཡོངས་ནས་རྩད་ཞིབ་བྱེད་པའི་རྨང་གཞིའི་སྟེང་། གནད་དོན་གསལ་འབྱེད་དང་དབྱེ་ཞིབ་བྱས་ཏེ་ཐག་གཅོད་བྱེད་ཐབས་ཁ་གསལ་བཟོ་རྒྱུ་རེད།

བརྡ་ཐོ་ལྟར། ཐེངས་འདིའི་རྩད་ཞིབ་བྱ་བ་རིམ་པ་གསུམ་བགར་ནས་སྤེལ་རྒྱུ་ཡིན་ཞིང་། 2022ལོའི་ཟླ12པའི་ཟླ་མཇུག་སྔོན་ལ། ས་གནས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རང་གིས་རང་ལ་ཞིབ་བཤེར་དང་དག་ཐེར་བྱས་ཏེ། ཞིབ་ཕྲའི་གནས་ཚུལ་ལྟར་རིམ་བཞིན་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱ་དགོས། 2023ལོའི་ཟླ1པའི་ཚེས31སྔོན་ལ། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གནས་ཚུལ་ཕྱོགས་བསྡོམས་བྱས་ཏེ། ཞིང་ཆེན་ཡོངས་ནས་རྩད་ཞིབ་དང་སྨན་བཅོས་འགན་སྲུང་གི་ལུགས་མཐུན་མིན་པའི་ཚད་བཀག་མེད་པར་བཟོ་དགོས། 2023ལོའི་ཟླ2པའི་ཟླ་མཇུག་སྔོན་ལ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་བྱ་བར་ལྟ་ཞིབ་མཛུབ་སྟོན་དང་ལེགས་སྒྲིག་བྱས་ཏེ། བྱེད་ཐབས་སྣ་མང་བརྒྱུད་ནས་ས་གནས་སོ་སོའི་རྩད་ཞིབ་གནས་ཚུལ་དང་དག་ཐེར་གནས་ཚུལ་ལ་རྒྱུས་ལོན་གྱིས་བྱ་བར་སྤྱི་བསྡོམས་བྱ་དགོས་པ་བཏོན་འདུག


མཉམ་སྤྱོད།