དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས།

2024-09-29 13:28:23   |   575

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

2.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་སོགས་ཚོགས་ཆེན་ལ་ཞུགས། 

ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་བ་དང་། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་གནང་། ཀྲའོ་ལེ་ཅི་དང་ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ་ཚོགས་ཆེན་མགོ་བརྩམས་པ་དང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཝང་ཧུའུ་ཉིང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལས་ཁུངས་དང་དཔེ་བཟང་མི་སྣར་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་གནང་། དཔེ་བཟང་ལས་ཁུངས352དང་དཔེ་བཟང་མི་སྣ368ལ་གཟེངས་བསྟོད་གནང་།

3.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་གནང་བའི་ཚུལ་རེད།

4.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་གནང་བའི་ཚུལ་རེད།

5..jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་གནང་བའི་ཚུལ་རེད།

6.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་གནང་བའི་ཚུལ་རེད།

7.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་གནང་བའི་ཚུལ་རེད།

8.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་གནང་བའི་ཚུལ་རེད།

དགའ་སྤྲོའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ཀྱི་འཐུས་མིར་བྱ་དགའ་གནང་།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་སྔོན་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ལས་ཁུངས་དང་དཔེ་བཟང་མི་སྣར་སྤྲོ་སེམས་འཁོལ་པོའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་ཚོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཕྱོགས་སོ་སོའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་བཟུང་མི་རིགས་ལས་དོན་ལ་མཐོང་ཆེན་གནང་བ་རེད། ལོ་ངོ་བརྒྱ་ལྷག་ཙམ་གྱི་རིང་ལ། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་ཡང་དག་པ་ཞིག་བཏོད་ཡོད། བགྲོད་ལམ་འདིའི་སྟེང་དུ། ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པའི་དབང་གིས། མི་རིགས་ལ་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་དང་། མི་རིགས་སོ་སོ་འདྲ་མཉམ་དང་མཐུན་སྒྲིལ་རོགས་རེས། འཆམ་མཐུན་མཉམ་གནས་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་བའི་གནས་བབ་གསར་པ་བསྐྲུན་ཡོད་ཅིང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་སྔར་མེད་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་ལས་གཞན། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་རྒྱུ་གསལ་བོར་བཏོན་པ་དང་། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས་ལ། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་སྐྱོད་ལམ་གསར་པའི་སྟེང་བསྐྱོད་པ་བཅས་ཀྱི་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་ལ་དམ་པོར་དམིགས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གོང་བུ་གཅིག་ཏུ་བསྒྲིལ་ཞིང་། མི་རིགས་ཁག་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་བར་བྱས་པ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་མི་རིགས་ལ་གཉའ་གནོན་དང་མི་རིགས་ལ་མཐོང་ཆུང་བྱེད་པར་ངོ་རྒོལ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་ངོ་མ་ཐོབ་པར་བྱས་པ་དང་། མཉམ་དུ་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་བྱས་ལ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་འབྲེལ་བ་ཁོང་དུ་ཡང་དག་པར་ཆུད་པར་བྱས་པའི་རྨང་གཞིའི་སྟེང་དུ། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་འདི་ཉིད་ཁས་ལེན་ཐོབ་ཚད་སྔར་ལས་མཐོ་བ་དང་གོང་བུར་སྒྲིལ་ཤུགས་སྔར་ལས་ཆེ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ལག་ལེན་ལས་བགྲོད་ལམ་དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་རིག་ལོ་རྒྱུས་ལྡན་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཞིང་། མི་རིགས་སོ་སོས་མཉམ་དུ་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་བཏོད་པ་དང་། མཉམ་དུ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བསྐྲུན་ཡོད་ལ། མཉམ་དུ་འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་བརྩམས་ཡོད་པར་མ་ཟད། མཉམ་དུ་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱས་ཡོད། དེ་མིན་ད་དུང་མཉམ་དུ་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་སྐྱེད་སྲིང་ཡང་བྱས་ཡོད། མི་རིགས་སོ་སོའི་ཁྲག་རྒྱུན་མཉམ་འདྲེས་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་གྲུབ་པར་བྱེད་པ་དང་དེ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་རྨང་རྡོ་ལྟ་བུ་ཡིན། མི་རིགས་སོ་སོའི་དད་སེམས་གཅིག་མཚུངས་ནི་ཀྲུང་ཧྭ་མི་རིགས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་བསྐྲུན་པའི་ནང་གནས་སྒུལ་ཤུགས་ཡིན། མི་རིགས་སོ་སོའི་རིག་གནས་འབྲེལ་མཐུད་ནི་ཀྲུང་ཧྭ་མི་རིགས་ཀྱིས་སྣ་མང་གཞི་གཅིག་གི་ཤེས་རིག་རྣམ་པ་གཏོད་པའི་རིག་གནས་ཀྱི་གཞི་རྒྱུ་ཡིན། མི་རིགས་སོ་སོའི་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ནི་ཀྲུང་ཧྭ་མི་རིགས་ཀྱིས་གཅིག་གྱུར་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན། མི་རིགས་སོ་སོའི་བར་གྱི་བརྩེ་སེམས་ཟབ་མོ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲ་ཞིང་བརྟན་པའི་འབྲེལ་ཐག་ཡིན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་གྲུབ་པར་བྱས་པ་དང་དེ་གོང་དུ་འཕེལ་བ་ནི་མི་སེམས་ཕྱོགས་ས་དང་དུས་ཀྱི་འཁོར་ཕྱོགས། ལོ་རྒྱུས་ཀྱི་ལྡོག་མེད་འཕེལ་ཕྱོགས་བཅས་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་མཐུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། སྐྱིད་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཧུར་ཐག་གིས་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་དེ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ལོ་ཆུང་གཞོན་ནུར་ལོ་རྒྱུས་རིག་གནས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་ཡོང་བར་བྱེད་པ་ལ་མི་རིགས་གཅིག་ཀྱང་ཆད་མི་རུང་། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ས་ཁུལ་སོ་སོའི་དཔལ་འབྱོར་ཐད་སྔར་ལས་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་སོ་སོའི་ཐུན་མོང་ཕྱུག་འགྱུར་མངོན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གོང་འཕེལ་གཏོང་བའི་ཁྲོད་དུ་དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་འདོད་བློ་དང་མཐུན་པ་དང་དམངས་འཚོར་ཕན་འདོགས་པ། དམངས་སེམས་ལ་དྲོད་སྐྱིད་སྦྱིན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་ནས། མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཟམ་མི་ཆད་པར་སྐོང་ཅི་ཐུབ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་རིགས་སོ་སོ་ཕྱོགས་ཡོངས་ནས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་ཕན་ཚུན་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་དང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ་དང་། མཐའ་མཚམས་དང་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་རྩ་བར་འཛིན་པའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གང་ལེགས་གཏོང་བ། མི་རིགས་སོ་སོའི་མི་སྣ་འཁོར་རྒྱུག་དང་འདྲེས་སྡོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། མི་རིགས་ཁག་སེ་འབྲུ་བཞིན་དུ་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ཏེ། མི་རིགས་ལས་དོན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཁྱད་པར་ཅན་གྱི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་རིམ་བཞིན་འཐུས་ཚང་དུ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ལྟར་འགན་སྲུང་བཅས་བྱེད་དགོས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བརྩིས་ཏེ། མི་རིགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ་དང་། མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལམ་ལུགས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་པའི་རྨང་གཞིའི་སྟེང་དུ། སྤྱི་ཚོགས་ཡོངས་སུ་མི་རིགས་ཀྱི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་རིང་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་ལ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་གནང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གྲུབ་པར་བྱས་པ་དང་དེ་གོང་འཕེལ་གཏོང་བའི་གཞི་རྩ་དང་སྲོག་རྩ་གསལ་སྟོན་གཏིང་ཟབ་གནང་ཡོད་ཅིང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་པ་དང་གཟིགས་རྒྱང་རིང་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ་བཅས་ཀྱི་སྒོ་ནས་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

9.jpg

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་སོགས་ཚོགས་ཆེན་ལ་ཞུགས། 

གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་དཔེ་བཟང་ལས་ཁུངས་ཀྱི་འཐུས་མིས་ཚོགས་ཐོག་ནས་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁག་ཅིག་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།

གཟེངས་བསྟོད་ཐོབ་པའི་དཔེ་བཟང་ལས་ཁུངས་ཀྱི་འཐུས་མི་དང་དཔེ་བཟང་མི་སྣ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས།


མཉམ་སྤྱོད།