དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ལ་ཞིང་ཆེན་རིམ་པའི་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་གཟི་བརྗིད་མཚན་སྙན་ཁག9དང་སྐུལ་ལྕག་མ་དངུལ་ཁྲི7000ལྷག་ཐོབ།

2024-10-11 17:18:55   |   192

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས། མཚོ་བྱང་ཁུལ་སྲིད་གཞུང་རྒྱ་ཡིག་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《2023ལོའི་ལོ་འཁོར་དུ་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་ས་ཁུལ་དང་ལས་ཁུངས་ལ་ལྟ་སྐུལ་ཞིབ་བཤེར་དང་སྐུལ་ལྕག་བྱེད་པའི་སྐོར་གྱི་བརྡ་ཁྱབ》(མཚོ་སྔོན་སྲིད་གཞུང་གཞུང་དོན་ཁང་གི(2024)ཨང90པ)པར་འགྲེམས་བྱས་ཤིང་། 2023ལོའི་ལོ་འཁོར་དུ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་། ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དངོས་འཛིན་དངོས་སྒྲུབ་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་གྲོང་ཁྱེར(ཁུལ)8དང་། རྫོང(གྲོང་ཁྱེར་དང་ཆུས)30དང་། ལས་ཁུངས2བཅས་ལ་ལྟ་སྐུལ་ཞིབ་བཤེར་གྱི་སྐུལ་ལྕག་གནང་པ་མ་ཟད། སྐུལ་ལྕག་དང་རྒྱབ་སྐྱོར་གྱི་བྱེད་ཐབས་ཁག28བཏོན་ཞིང་།  དེའི་ནང་། མཚོ་བྱང་ཁུལ་གྱི་ཁུལ་དང་རྫོང་རིམ་པ་གཉིས་ལ་ལྟ་སྐུལ་ཞིབ་བཤེར་གྱི་གཟི་བརྗིད་མཚན་སྙན་ཁག9དང་སྐུལ་ལྕག་མ་དངུལ་སྒོར་ཁྲི7000ལྷག་ཐོབ

ཁུལ་རིམ་པའི་ངོས་ནས་མཚོ་བྱང་ཁུལ་ལ“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”དང“གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ནས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་རྣམ་གྲངས་ལས་མགོ་བརྩམས་པ་དང་མ་འཇོག་ལེགས་གྲུབ་བྱུང་བ་སོགས་ཀྱི་གནས་ཚུལ་ལེགས་པའི་ས་ཁུལ”། “སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཕྱོགས་བསྡུས་བྱས་འབྲས་མངོན་གསལ་དོད་པའི་ས་ཁུལ”དང“རྒན་གསོའི་མཐའ་སྐྱོང་འགན་ལེན་དང་། ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས། གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་ཀའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”བཅས་ཀྱི་གཟི་བརྗིད་མཚན་སྙན་ཁག4ཐོབ་པ་དང་། རྫོང་རིམ་པའི་ངོས་ནས་འཇུ་ལག་རྫོང་ལ“ཤེས་བྱའི་ཐོན་དབང་གསར་གཏོད་དང་བེད་སྤྱོད་སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཀྱི་ལས་ཀའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”དང་། “གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་སོགས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་ཀའི་གཙོ་གནད་གྲུབ་འབྲས་མངོན་གསལ་དོད་པའི་ས་ཁུལ”། “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་ཀའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”བཅས་ཀྱི་གཟི་བརྗིད་མཚན་སྙན་ཁག3ཐོབ། རྐང་ཚ་རྫོང་ལ“ཆུ་དང་མཚོ་དཔོན་ལམ་ལུགས་ལས་དོན་གྱི་དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”དང“སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་བྱས་འབྲས་མངོན་གསལ་དོད་པའི་ས་ཁུལ”གྱི་གཟི་བརྗིད་མཚན་སྙན2ཐོབ། མདོ་ལ་རྫོང་ལ“སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་བྱས་འབྲས་མངོན་གསལ་དོད་པའི་ས་ཁུལ”གྱི་གཟི་བརྗིད་མཚན་སྙན1ཐོབ། མདའ་བཞི་རྫོང་ལ“སྤུས་ཚད་མཐོ་བའི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”གྱི་གཟི་བརྗིད་མཚན་སྙན1ཐོབ་པ་རེད། 

2023ལོ་ནས་བཟུང་། མཚོ་བྱང་ཁུལ་གྱི་གོང་འོག་བར་གསུམ་ནས“ལས་བྱེད་པས་ལས་ཀ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། “243”གྱི་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་འཛུགས་སྐྲུན་དང“མདུན་གྲལ་དུ་སྐྱོད་པ་གསུམ”ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གསར་འཛུགས་དང་། ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཕན་འབྲས་བཟང་པོ་བླངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་གཏོད་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས་བོད་ལུག་ཁྲི་དང་འབྲི་གཡག་མགོ་གྲངས་སྟོང་གི་རྟེན་གཞི་སོགས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ85བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས3དང་རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ལས་མཉམ་ལས་དཔེ་སྟོན་ཁང2སྐྱེད་སྲིང་བྱས། རྫོང་བཞི་པོས་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་བདེ་བླག་ངང་གསར་འཛུགས་བྱས་པ་དང་། རིམ་རྩིས་བྱས་ན་འཛད་སྤྱོད་རོགས་སྐྱོར་དང་ཞིང་ཆེན་ཕྱི་ནང་གི་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར5ལེགས་འགྲུབ་བྱུང་། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18827སླེབས་པ་དང་། བལྟོས་མེད་རིན་ཐང་དེ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ནས་ཞིང་ཆེན་ཡོངས་ཀྱི་ནས་དང་ལོག་དཀར། བོད་ལུག མི་ཐབས་གསོ་སྤེལ་གླ་བ་རྟེན་གཞི་ཆེ་ཤོས་དང་ནུབ་བྱང་གི་ཆུ་གྲང་ཉ་དང་ཉ་ཕྲུག་མཁོ་སྤྲོད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད། “རྣམ་གྲངས་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཀྱི་མ་འཇོག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཤིང་། 2023ལོར་དངུལ་གཏོང་སྒོར་དུང་ཕྱུར55.66མངོན་འགྱུར་བྱུང་ནས་དུས་མཚུངས་ལས12.8%འཕར་བ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་བརྒྱ་ཆའི་གྲངས4.8བརྒལ་ཞིང་། བསྟུད་མར་ལོ་གཉིས་ལ་གྲངས་གནས་གཉིས་གྱི་འཕར་ཚད་མངོན་འགྱུར་བྱུང་། སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་གྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1ཐོབ། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་ཁག་སོ་སོ་སྒོར་དུང་ཕྱུར197.81དང་སྒོར་དུང་ཕྱུར115.88ལ་སླེབས་ནས་དུས་མཚུངས་ལས8.57%དང15.14%འཕར་ཡོད་པ་རེད། “རྒན་པ་དང་བྱིས་པའི”ཞབས་ཞུའི་འགན་ལེན་མ་ལག་འཐུས་ཚང་དུ་བཏང་བ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུའི་གསལ་ཐོ་ཁག22བཟོས། གྲོང་གསེབ་ཀྱི་རྒན་གསོ་གསོལ་མགྲོན་ས་ཚིགས44གསར་འཛུགས་བྱས་པ་དང་། ཁྱིམ་ཚང272ཀྱི་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ཡོངས་འགྲུབ་བྱས་ཤིང་། དཀའ་ངལ་ཡོད་པའི་རྒན་རྒོན7727ལ་ཁྱིམ་ཚང་དུ་སོང་ནས་ཞབས་ཞུ་མཁོ་འདོན་བྱས། “1+10”དང“4+1+N”ཡི་སྣེ་སྦྲེལ་འགན་ལེན་དང“2411”གི་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས“དམར་སེར་ལྗང་གསུམ”གྱི་འགུལ་རྣམ་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལམ་སྲོལ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་བ་དང་། ཐོན་ལས་རྣམ་གྲངས་ལ་རོགས་སྐྱོར་བྱས་པའི་ཕན་འབྲས་སྒོར་ཁྲི5238ཡིན་པ་དང་།  གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་གྲོང་ཚོ་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི49.99སླེབས་པ་དང་། དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཚུངས་ལས14.88%འཕར་ཡོད་པ་རེད།


མཉམ་སྤྱོད།