དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དུ་དབུལ་སྒྲོལ་མི་འབོར་ཁྲི1ལྷག་ཙམ་ལས་ཞུགས་མངོན་འགྱུར་བྱུང་ཡོད།

2024-10-14 09:31:40   |   136

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་ཁུལ་སྲིད་གཞུང་རྒྱ་ཡིག་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལས་ཀའི་མགོ་འཛུགས་ས་དང་དོན་བབས་སར་བརྩིས་ནས་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་ཀྱི་ཐབས་ལམ་གསར་བཏོད་བྱས་ཤིང་། ལས་ཞུགས་རོགས་སྐྱོར་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱས། མིག་སྔའི་བར། ཁུལ་ཡོངས་སུ་དབུལ་སྒྲོལ་མི་འབོར10267ལས་ཞུགས་ཐུབ་ཅིང་། དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར15549.13སླེབས་པ་དང་། དུས་མཚུངས་ལས11.78%འཕར་ཡོད་པ་རེད། 

གཅིག་ནི“དྲ་སྦྲེལ+རྐང་མགྱོགས”ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་གསར་འཛུགས་བྱས་ཏེ། ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ214དང་སྡེ་ཁུལ28སོ་སོར་ལས་ཞུགས་འབྲེལ་གཏུག་པ་རེ་བཀོད་སྒྲིག་བྱས་པ་དང་། ཁུལ་དང་རྫོང་ནོར་སྲིད་ཀྱིས་འགན་ལེན་མ་དངུལ་སྒོར་ཁྲི48.4བཏང་ནས “ཞིང་ཆེན་དང་ཁུལ། རྫོང་། ཡུལ་ཚོ(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ)”བཅས་རིམ་པ་ལྔའི་འབྲེལ་གཏུག་ཞབས་ཞུའི་མ་ལག་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། མཚོ་བྱང་ཁུལ་གྱི་ཚད་ལྡན་ཅན་གྱི་ཉིན་གླ་རྒྱག་པའི་ས་ཚིགས་ཐོག་མ་དེས་དབུལ་སྒྲོལ་མི་འབོར86ལ་ལས་ཞུགས་ཞབས་འདེགས་ཞུས། གཉིས་ནི“ཐད་གཏོང་གིས་ལས་བསྡུ་བྱེད་པ+ཡུལ་དངོས་ནས་ལས་བསྡུ+སྐོར་སྐྱོད་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་སྟེ། དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བ་སོགས་ཀྱི་མུ་འབྲེལ་ལས་བསྡུ་གདན་ཞུའི་བྱེད་སྒོ་ཐེངས28སྤེལ་བ་དང་། ཁེ་ལས500ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལས་ཞུགས་ལས་གནས་ཁྲི1.1ལྷག་ཙམ་མཁོ་འདོན་བྱས་པ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་དབུལ་སྒྲོལ་མི་འབོར985ལ་ལས་ཞུགས་རོགས་རམ་བྱས། གསུམ་ནི“གཅིག་སྡུད་ཐོག་འཛིན་གྲྭ་གཉེར་བ”དང“ཐག་ཉེ་སར་གསོ་སྦྱོང་བྱ་རྒྱུ”ཟུང་དུ་འབྲེལ་བའི་བྱེད་ཐབས་བརྒྱུད། དགོས་མཁོར་གཞིགས་ཏེ་སློབ་སླ་ཤེས་སླ་དང་ལས་ཞུགས་སྟབས་བདེའི་ལས་རིགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།  ད་ལོ་ནས་བཟུང་། དབུལ་སྒྲོལ་མི་འབོར་ལ་ཕྱོགས་ནས་མི་ཐེངས1115ལ་གློག་ལས་དང་ཁྱིམ་ལས་ཞབས་ཞུ་སོགས་ལས་ཞུགས་བྱེད་སླ་བའི་ལས་རིགས་ཀྱི་གསོ་སྦྱོང་སྤེལ་པ་དང་། ཐེངས་དང་པོར་ལས་ཞུགས་ཐུབ་ཚད70%ཟིན་ཡོད། བཞི་ནི་སྦྲང་ཆར་འཆར་གཞིའི་སློབ་ཐོན་སློབ་མ303ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་བྱས་ནས་ལས་ཞུགས་ཐུབ་ཚད97.74%ལ་སླེབས་ཡོད། ཁུལ་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་ལས་ཤག58ཀྱིས་དབུལ་སྒྲོལ་མི་འབོར375ལས་ཞུགས་བསྡུ་ལེན་བྱས་ཤིང་། སྐྱེ་ཁམས་བདག་སྐྱོང་བ་སོགས་དབུལ་སྒྲོལ་མི་འབོར་གྱི་གྲོང་ཚོ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས3337གསར་སྤེལ་བཀོད་སྒྲིག་བྱས། རྒུད་གསབ་ལས་སྤྲོད་ཀྱི་རྣམ་གྲངས1ལག་བསྟར་བྱས་ནས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས31བསྡུ་ལེན་བྱས།


མཉམ་སྤྱོད།