མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

2022ལོའི་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚོའི་ཁངས་དར་དགའ་རོལ་དུས་ཆེན་གྱི་བྱེད་སྒོ་མཇུག་སྒྲིལ།

2022-12-28 16:30:06   |   340

རྩོམ་བསྒྱུར། སངས་དོན།  


རྒྱལ་ཡོངས་མང་ཚོགས་ཀྱི་སྐབས9བའི་ཁངས་དར་དུས་ཚིགས་ཀྱི་མཚོ་བྱང་མགོ་རྩོམ་བྱེད་སྒོ་དང2022ལོའི་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚོའི་ཁངས་དར་དགའ་རོལ་དུས་ཆེན་གྱི་བྱེད་སྒོ་དུས་ཡུན་ཉིན་གཉིས་ཀྱི་འགྲན་བསྡུར་བརྒྱུད། ཟླ12པའི་ཚེས27ཉིན། ནུབ་མཚོ་གྲོང་རྡལ་གྱི་གསེར་མཚོའི་སྤྱི་གླིང་དུ་མཇུག་འགྲིལ་བ་རེད།     

1.jpg

རྒྱུས་ལོན་པ་ལྟར་ན།    ཐེངས་འདིའི་གསེར་མཚོའི་ཁངས་དར་དགའ་རོལ་དུས་ཆེན་སྟེང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག23ཞུགས་ཤིང་། ཁོ་ཚོ་ཐུན་མོང་ཚོགས་པའི་འགྲན་བསྡུར་རྣམ་གྲངས12དང་མི་སྒེར་གྱི་འགྲན་བསྡུར་རྣམས་གྲངས5ཡི་ནང་ཞུགས་ནས་རྩལ་ནུས་འགྲན་བསྡུར་བྱས།   ཐུན་མོང་ཚོགས་པའི་འགྲན་བསྡུར་རྣམས་གྲངས12ནང་།     ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི་འཐུས་ཚབ་རུ་ཁག་གིས་སྐར་འབྲས68ཐོག་ནས་དར་ཐོག་བཤུད་གྲུག་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་།     ཁུལ་དཔེ་མཛོད་ཁང་གི་འཐུས་ཚབ་རུ་ཁག་གིས་སྐར་མ1དང་སྐར་ཆ06གི་ཐོག་ནས་དར་ཐོག་ཟམ་འཕེན་འགྲན་བསྡུར་གྱི་ཨང་དང་པོ་བླངས།     ཁུལ་སྤྱི་བདེ་ཅུའི་འཐུས་ཚབ་རུ་ཁག་གིས་དར་ཐོག་བྱེ་ཁུག་དང་དར་ཐོག་འདྲུད་ལྕགས་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས།     ཁུལ་དངུལ་རྩའི་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གིས་སྐར་མ7དང་སྐར་ཆ49དང་གྲངས་ཆུང05ཡི་ཐོག་ནས་དར་ཐོག་རླངས་འཁོར་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས།     ཁུལ་མེ་ཟོན་འཕྲལ་སྡོམ་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་དར་ཐོག་རྐང་འཁོར་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་།     ཁུལ་དངུལ་རྩའི་མ་ལག་གི་འཐུས་ཚབ་རུ་ཁག་གིས་སྐར་མ3དང་སྐར་ཆ52དང་གྲངས་ཆུང97ཡི་ཐོག་ནས་ཁངས་དར་སྐོར་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས།    ཁུལ་འཕྲལ་སྡོམ་དོ་དམ་ཅུའི་འཐུས་ཚབ་རུ་ཁག་གིས་སྐར་མ3དང་སྐར་ཆ49དང་གྲངས་ཆུང06ཡི་ཐོག་ནས་དར་ཐོག་སྤོ་ལོ་འདེད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས།    ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གིས་སྐར་ཆ26དང་གྲངས་ཆུང78ཡི་ཐོག་ནས་དར་ཐོག་གྲུ་གཟིངས་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་བླངས།    ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའི་འཐུས་ཚབ་རུ་ཁག་གིས་དར་ཐོག་མིག་དགུ་མཐུད་སྤྲེལ་འགྲན་བསྡུར་གྱི་ཨང་དང་པོ་བླངས།     

2.jpg

ཐེངས་འདིའི་བྱེད་སྒོས“ཚོགས་ཆེན་ཉི་ཤུར་སློབ་སྦྱོང་ཉམས་ལེན་བྱེད།    བདེ་ཐང་མཚོ་བྱང་མཉམ་དུ་འགུལ”ཞེས་པ་བརྗོད་དོན་དུ་བཟུང་ནས། དར་ཐོག་དགའ་རོལ་བྱེད་སྒོའི་འགྲན་བསྡུར་རྣམ་གྲངས་སྣ་ཚོགས་སྤེལ་བ་དང་། ཁངས་དར་རྩལ་འགྲན་གྱི་བྱེད་སྒོ་གྱ་ནོམ་པ་ཞིག་སྤེལ་བས། རྒྱ་ཆེའི་མང་ཚོགས་ལ་ཁངས་དར་རྩལ་འགྲན་གྱི་ཐུན་མོང་མ་ཡིན་པའི་པའི་ཉམས་ལེན་དང་སྤྲོ་སྣང་སྦྱིན་ལ། དེ་བས་མང་བའི་མང་ཚོགས་རྣམས་ཁངས་དར་ལུས་རྩལ་བྱེད་སྒོ་ལ་དགའ་བ་དང་། འགྲན་ཚོགས་སུ་ཞུགས་པའི་སེམས་ཤུགས་ཆེ་རུ་ཕྱིན་ནས་ཁངས་དར་རོལ་རྩེད་ཀྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད།  

1672217212135839.jpg

ཉིན་གཉིས་ཀྱི་འགྲན་བསྡུར་ཁྲོད། འགྲན་ཞུགས་ལུས་རྩལ་པ་རྣམས་མི་སྒེར་དང་ཐུན་མོང་ཚོགས་པའི་འགྲན་བསྡུར་རྣམ་གྲངས་ལ་ཞུགས་པ་བརྒྱུད། དགུན་དུས་ཁངས་དར་ལུས་རྩལ་གྱི་བྱེད་སྒོ་མྱོང་རོལ་བྱས་པ་དང་། ལུས་ཕུང་བདེ་ཐང་དང་ཕན་ཚུན་རྒྱུས་མངའ། བསམ་བློ་བརྗེ་རེས་བཅས་ཐད་དུ་གོ་སྐབས་བཟང་བོ་ཞིག་སྐྲུན་ཡོད་པ་ཟད། མང་ཚོགས་ཀྱི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པས། འགྲན་ཞུགས་རུ་ཁག་སོ་སོ་ལ་ཐུན་མོང་གི་མྱོང་ཚོར་ཞིག་སྦྱིན་ཡོད་པ་ནི་འགྲན་བསྡུར་གྱི་ཨང་རིམ་ལེན་པ་ཙམ་མ་ཡིན་པར། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ཁངས་དར་ལུས་རྩལ་ལས་བྱུང་བའི་སྤྲོ་སྣང་དེ་རེད།  

1672217239719675.jpg

1672217267128809.jpg

   


མཉམ་སྤྱོད།