མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འབྱིན་རྔུབ་ཅན་གྱི་པྲོག་གསར་འགོག་སྨན་བཀོལ་མགོ་ཚུགས་པ།

2022-12-29 08:50:25   |   112

རྩོམ་སྒྲིག  སངས་དོན།     ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། 


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།“ཟླ12པའི་ཚེས27ཉིན། ཟི་ལིང་མཁར་ཤར་ཁུལ་ཡོན་ཧྲན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ནས་སྡོད་དམངས་མི་ཉུང་བ་ཞིག་གིས་འབྱིན་རྔུབ་པྲོག་གསར་འགོག་སྨན་རྔུབ་ཅིང་། ཡུལ་དངོས་ཀྱི་སྨན་པས་སྡོད་དམངས་ལ་འབྱིན་རྔུབ་པྲོག་གསར་འགོག་སྨན་རྔུབ་རྗེས་ཀྱི་མཉམ་འཇོག་བྱ་ཡུལ་དག་ཞིབ་ཕྲའི་སྒོ་ནས་གསལ་བཤད་བྱས་པ་རེད།

1672275462135651.jpg

འབྱིན་རྔུབ་པྲོག་གསར་འགོག་སྨན་ལ་རྨ་ཁ་མེད་ཅིང་སྟབས་བདེ་ཡང་ཡིན།”འབྱིན་རྔུབ་པྲོག་གསར་འགོག་སྨན་རྔུབ་མ་ཐག་ལུས་རྩལ་དྲག་པོ་སྦྱོང་བ་དང་ཆང་བཏུང་མི་རུང་ལ། ངལ་གསོས་ཏེ་མི་འཕྲོད་པའི་ཟས་རིགས་ཀྱང་བཟའ་མི་རུང་། ཡིན་ནའང་ལུས་པོ་འཁྲུ་ཆོག 

1672275484108158.jpg

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། འབྱིན་རྔུབ་འགོག་སྨན་དེ་ཐོག་མར་འགོག་སྨན་སྨུག་འགྱུར་འཕྲུལ་ཆས་ནང་བླུགས་ནས་སྨུག་འགྱུར་བྱེད་དུ་བཅུག་ནས་སྐར་ཆ10ཡི་རྗེས་སུ་ད་གཟོད་འབྱིན་རྔུབ་བྱས་ཆོག ཉིན་དེར་མཁར་ཤར་ཁུལ་ཡོན་ཧྲན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་ནས་སྡོད་དམངས20ལྷག་གིས་འབྱིན་རྔུབ་འགོག་སྨན་རྔུབ་པ་རེད།


མཉམ་སྤྱོད།