དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁྲལ་བསྡུ་མིན་པའི་སྤྱིར་བཏང་གི་ཡོང་འབབ་བསྡུ་ལེན་བྱ་བའི་གློག་རྡུལ་ཡི་གེ་བདེ་ལེགས་ངང་སྤྱོད་མགོ་ཚུགས་པ།

2022-12-29 10:16:06   |   774




རྩོམ་སྒྲིག   སངས་དོན།  


ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གྲངས་འཛིན་སྲིད་གཞུང”འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  ཁྲལ་བསྡུ་མིན་པའི་ཡོང་འབབ་བསྡུ་ལེན་བྱ་བའི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ཆར་མཚོ་བྱང་ཁུལ་གྱིས་གློག་རྡུལ་ཁྲལ་བསྡུ་མིན་པའི་སྤྱིར་བཏང་གི་ཡོང་འབབ་བསྡུ་ལེན་བྱ་བའི་གློག་རྡུལ་ཡི་གེ་བདེ་ལེགས་ངང་བཏོན་པ་རེད།  གློག་རྡུལ་བསྡུ་ལེན་ཡི་གེ་སྤྱོད་མགོ་ཚུགས་པ་དེས་ཁྲལ་མིན་ཡོང་འབབ་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དང་ཤོག་བུ་མེད་པ་མངོན་འགྱུར་བྱུང་བ་དང་།  གློག་རྡུལ་བསྡུ་ལེན་ཅན་གྱི“ཆེས་མཐའ་མའི་འགག་གནད”ཤར་གཏོང་ཐུབ་ནས“གྲངས་གཞི་མང་ཙམ་རྒྱུག་པ་དང་མང་ཚོགས་ཉུང་ཙམ་རྒྱུག་པ”སྒྲུབ་ཐུབ་པ་བྱུང་ཡོད།

རྗེས་ཕྱོགས་སུ།  མཚོ་བྱང་གིས་གློག་རྡུལ་ཁྲལ་བསྡུ་མིན་པའི་སྤྱིར་བཏང་གི་བསྡུ་ལེན་ཡི་གེ་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྒྱུར་བཅོས་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་རེད།


མཉམ་སྤྱོད།