དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2022-12-29 13:58:00   |   456

རྩོམ་སྒྲིག  སངས་དོན།            ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


ཟླ12པའི་ཚེས28ཉིན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་བྱང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས། 

1672293560160406.jpg

ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། 2023ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བརྟན་ཡོང་གཙོ་བོ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས“སྤྱི་ཁོག་སྲིད་ཇུས་ཆེ་གྲས་ལྔ”ཟུང་འབྲེལ་བྱས་ནས་སྟངས་འཛིན་བྱེད་པ་དང་། “སྤྱི་འདོམས་དྲུག”གི་གལ་ཆེའི་བརྟག་ཐབས་སྨྲ་བ་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ལ་དཔེ་བསྡུར་དང་གཅིག་གྱུར་ཡོང་བར་བྱེད་པ་དང་། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག་དང་ཇུས་འགོད་བྱེད་པ། ལས་གཞི་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན། དམངས་འཚོ་འགན་ལེན་སོགས་ཀྱི་གཙོ་གནད་བྱ་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།     ཚོགས་འདུའི་ཐོག《གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞིའི་འགན་ནུས་དང་ལས་འགན་སྔར་ལས་མཐུན་སྦྱོར་ཡོང་བར་བྱེད་དགོས་པ་དང་། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བཅས་བྱེད་པའི་གྲོང་གསེབ་དང་རོང་འབྲོག་ཁུལ་གྱི་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞིའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲི་དང་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ལ། གོམས་སྲོལ་བསྒྱུར་བ་དང་དཔལ་ཡོན་ལྡན་པའི་སྲོལ་བཟང་གསར་བ་འཛུགས་སྤེལ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་བྱ་བ་མུ་མཐུད་ཡག་པོར་སྒྲུབ་སྟེ་མཛེས་སྡུག་དང་འཆམ་མཐུན། བདེ་སྐྱིད་བཅས་ཀྱི་གྲོང་གསེབ་གསར་བ་ཧུར་ཐག་གིས་སྐྲུན་དགོས་པའི་བླང་བྱ་བཏོན།

1672293624828125.jpg

ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དང་ཞིང་ཆེན་ཏང་ཨུའི་བྱ་ཐབས་འགའ་ཞིག་དོན་འཁྱོལ་ནན་མོ་བྱས་ཏེ་ནང་དོན་ནན་མོ་དང་བྱ་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་ཀྱིས་སྤྱོད་ཚུལ་བཟང་བོར་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།  

rBgTr2Os616AdFMlAAHYdNuatBg617.jpg


ཚོགས་འདུའི་ཐོག ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཏང་ཙུའུ་ཡི་བྱ་བའི་སྙན་ཞུར་གསན་ལ།  ཏང་ཙུའུ་སོ་སོས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་བྱ་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལྟེ་བའི་ཁྱོན་ཡོངས་ལ་དམིགས་ནས་རང་སོ་སོའི་ཁྱབ་ཁོངས་ཀྱི་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱེད་པ། ཏང་ཙུའུ་ཡི་ཚན་ཁག་གིས་རང་ངོས་ལེགས་སྐྱོང་ལ་མུ་མཐུད་ཤུགས་བསྣན་ནས། ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནན་སྲུང་བྱ་རྒྱུའི་སྣེ་ཁྲིད་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་སྣེ་ཁྲིད། ཏང་ནང་གི་ཆབ་སྲིད་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སྣེ་ཁྲིད། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་སྒོས་གཏོད་པ། ཚན་ཁག་གི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ཀྱི་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།  

ཚོགས་འདུའི་ཐོག ཧྲན་ཏུང་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཁ་གཏད་མཚོ་སྐྱོར་འཐབ་ཇུས་ཀྱི་མཛུབ་ཁྲིད་འོག་ཤེས་ལྡན་མི་སྣའི་རིག་སྟོབས་རོགས་སྐྱོར་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན། བརྗེ་རེས་འགྲོ་འོང་མཉམ་འདྲེས་སོགས་ཁྱབ་ཁོངས་མང་བོ་དང་རིམ་པ་གཏིང་ཟབ་སྒོས་མཚོ་བྱང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པར་དམ་པོར་དམིགས་ནས་མཚོ་བྱང་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་གསར་བ་བསྣན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རོགས་སྐྱོར་བྱེད་མཁན་ཕྱོགས་སོ་སོས་མཁོ་འདོན་བྱས་པའི་རྩ་ཆེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས་པ་དང་། ཁྱབ་ཁོངས་སོ་སོའི་རོགས་སྐྱོར་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་ནས་ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་གཏིང་ཟབ་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་ཚད་བརྒལ་གསར་བ་སྔར་ལས་ཆེ་བ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པར་བསྟན།ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་སྙན་ཞུར་གསན་པ་དང་། ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས། གཞུང་དྲང་གསར་གཏོད། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་ཤོད་པ་དང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་བྱེད་པ། མཚོ་བྱང་གི་སྣང་བརྙན་གཏོད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཏན་ཏིག་འཁུར་དགོས་པ་ནན་གྱིས་བསྟན།ཚོགས་འདུའི་ཐོག 《མཚོ་བྱང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(གྲོས་ཞིབ་མ་ཟིན)》སོགས་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།


མཉམ་སྤྱོད།