དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཞང་ཏུང་གིས་རྩ་འཛུགས་བྱས་ནས་མཐོན་པོ་སྒང་གི་མཁའ་དམག་ས་སྲུང་དམག་སྒར་རྗེས་ཤུལ་སླར་གསོ་འཛུགས་སྐྲུན་ལས་གཞིའི་ཐུག་འཕྲད་ཚོགས་འདུ་འཚོགས།

2022-12-29 15:41:58   |   368

རྩོམ་སྒྲིག  སངས་དོན། 


ཟླ12ཚེས28ཉིན་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་རྩ་འཛུགས་བྱས་ནས་མཐོན་པོ་སྒང་མཁའ་དམག་ས་སྲུང་དམག་སྒར་རྗེས་ཤུལ་སླར་གསོ་འཛུགས་སྐྲུན་ལས་གཞིའི་ཐུག་འཕྲད་ཚོགས་འདུ་འཚོགས། ཁུལ་འགྲིམ་འགྲུལ་ཅུ་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུ། ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་གཞུང་ལས་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་།  ལི་ཞང་ཏུང་གིས་འབྲེལ་ཡོད་ལས་ཁུངས་ཀྱི་སླར་གསོ་འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་གྱི་སྙན་ཞུར་གསན་པ་དང་།  ལས་གཞི་འཛུགས་སྐྲུན་གྱི་ཞིབ་ཕྲའི་གནད་དོན་ཐད་བསམ་བློ་བརྗེ་རེས་དང་གྲོས་བསྡུར་བྱས་པ་མ་ཟད། དུས་སྐབས་རྗེས་མའི་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན།

ཚོགས་འདུས་གཅིག་ནས་བསམ་བློ་དང་བྱ་སྤྱོད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ།  འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་གི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། རང་སོ་སོའི་འགན་འཁྲིའི་ལས་བགོས་ལྟར། དམིགས་ཚད་ལས་འགན་དང་ལས་ཀའི་འཆར་གཞི་དུས་ལྟར་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་དང་།  དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་དང་།  གཉིས་ནས་དུས་མགོའི་གྲ་སྒྲིག་ལས་དོན་གྱི་རྨང་གཞིའི་སྟེང་། མཐུན་སྦྱོར་གཞོགས་འདེགས་དང་མཉམ་ལས་དམ་ཟབ།  རང་འགན་རང་འཁུར་བྱེད་པར་ཤུགས་སྣོན་བྱས་ཏེ། སྣ་སོ་སོའི་བྱ་བ་ལས་ཕྱོད་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ། གསུམ་ནས་དུས་ཐོག་ཏུ་ཇུས་གཞི་ལེགས་སུ་གཏོང་བ་དང་། ཕན་འབྲས་དང་སྤུས་ཚད་ལ་སྣང་ཆེན་བྱེད་པ། ལས་གྲྭའི་བཟོ་རྩལ་ཞིབ་ཚགས་བཟོ་བ་བཅས་བྱས་ཏེ། དགོས་ངེས་ཀྱི་མཚོན་ཆའི་དཔེ་དབྱིབས་དང་དམག་མཁོའི་དངོས་རྫས་བཅས་སྔ་མོ་ནས་ཇུས་འགོད་དང་གྲ་སྒྲིག་བྱེད་པ་དང་། འབྲེལ་ཡོད་འགྲེམས་ཁང་གི་བཀོད་པ་དང་ཡི་གེའི་པར་རིས། དཔྱད་ཡིག་འགྲེམས་སྟོན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྔོན་གྱི་སྒྲིག་བཀོད་ཇི་བཞིན་ཉམས་ལེན་བྱེད་གང་ཐུབ་བྱེད་པར་བརྩོན་ལེན་བྱེད་དགོས། དེ་དང་ཆབས་ཅིག  དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་མཐོན་པོ་སྒང་མཁའ་དམག་ས་སྲུང་དམག་མིའི་བཀོད་འཐབ་པའི་གམ་དུ་མི་མངགས་ནས་ཆེད་དོན་བཅར་འདྲི་དང་། དཔྱད་གཞི་འཚོལ་བསྡུ། གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔོག་འདོན་སོགས་ཀྱི་ལས་དོན་མུ་མཐུད་དུ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།