དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཧུང6གནམ་གྲུའི་དཔེ་དབྱིབས་བཞག

2024-10-24 09:06:31   |   534

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས22ཉིན། ཀྲུང་གོ་མཁའ་འགྲུལ་བཟོ་ལས་སྡེ་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་ཨང་རྟགས4251ཡིན་པའི་ཧུང6མཛད་རྗེས་གནམ་གྲུའི་བསྡུས་གཟིགས་དཔེ་དབྱིབས་གནམ་གྲུ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བཞག་པ་རེད། ཁུལ་ཨུའི་དྲིལ་སྒྲོག་པུ་དང་དྲན་གསོ་ཁང་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་གནམ་གྲུའི་ཡོལ་ཁེབས་ཕྱེས། 

图片1.png

ཧུང6གནམ་གྲུ་ནི་ཀྲུང་གོའི་ཞི་ཨན་གནམ་གྲུ་བཟོ་ལས་སྤྱི་གཉེར་ཁང་གིས་སུའུ་ལེན་གྱི་རི་མོ16འབར་མདེལ་དབྱུག་འཕེན་གནམ་གྲུའི་རྨང་གཞིའི་ཐོག་ཞིབ་འཇུག་དང་གསར་བཟོ་བྱས་པའི་འབར་མདེལ་དབྱུག་འཕེན་བྱེད་པའི་གནམ་གྲུ་ཞིག་ཡིན་ཞིང་། གཙོ་བོ་རྒྱུན་ལྡན་གྱི་འབར་མདེལ་དང་ཉིང་རྡུལ་སྐྱེལ་འདྲེན་བྱས་ནས་འབར་མདེལ་དབྱུག་འཕེན་གྱི་ལས་འགན་སྒྲུབ་པར་སྤྱད་ཡོད། འཕྲུལ་ཆས་འདི1959ལོ་ནས་ཞིབ་འཇུག་དང་གསར་བཟོ་བྱེད་མགོ་བརྩམས་པ་དང་། 1969ལོ་ནས་བཟུང་ཐོན་སྐྱེད་བྱེད་མགོ་བརྩམས། ཨང་རྟགས་ནི4251ཡིན་པའི་ཧུང6འབར་མདེལ་དབྱུག་འཕེན་གནམ་གྲུ་ནི་མཛད་རྗེས་ཆེ་བའི་གནམ་གྲུའི་གྲས་ཤིག་ཡིན་པ་དང་། 1967ལོའི་ཟླ6པའི་ཚེས17ཉིན་གྱི་ཆུ་ཚོད8དང་སྐར་མ17ཐོག་མཁའ་སྐྱོད་དམག་དཔུང་ཧྲི་ཆེ་གེ་མོའི་རུ་ཆེན108ཀྱི་ཞུས་ཁེ་ཅང་འཕྲུལ་འཁོར་ཚན་པས་གནམ་གྲུ་དེ་བཏང་ནས་སྨི་ཁྲིའི་བར་སྣང་དུ་ཆིང་ཏན་འབར་མདེལ་དང་པོ་བདེ་བླག་ངང་འཕངས་པ་དང་། དེ་ནི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་འགྲོ་བའི་མཆོང་བརྒལ་གཞན་ཞིག་ཡིན་ལ། དེས་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་མཚོན།

图片2.png

图片3.png

图片4.png

ཀྲུང་གོའི་མཁའ་འགྲུལ་བཟོ་ལས་སྡེ་ཚོགས་ནི"མདེལ་གཉིས་སྐར་གཅིག"གི་འོད་སྟོང་འབར་བའི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་ཡིན་ཞིང་། ཀྲུང་གོ་གསར་པའི་མཁའ་འགྲུལ་བྱ་གཞག་དང་རྒྱལ་སྲུང་ཚན་རྩལ་བྱ་གཞག་གོང་དུ་སྤེལ་བར་བྱས་རྗེས་གལ་ཆེན་བཞག་ཡོད། དྲན་གསོ་ཁང་ལ་ཧུང6རྟགས་ཅན་གྱི་གནམ་གྲུའི་དཔེ་དབྱིབས་ཞལ་འདེབས་ཕུལ་བ་དེས་སྡེ་ཚོགས་ཀྱིས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་རྡུལ་ཕྲན་མཁར་གྱི་དྲན་གསོ་ཁང་འཛུགས་སྐྲུན་བྱ་རྒྱུར་ཐུགས་ཁུར་གནང་བ་མཚོན་ཡོད། གནམ་གྲུའི་དཔེ་དབྱིབས་དེ་དྲན་གསོ་ཁང་དུ་འགྲེམས་སྟོན་བྱས་པ་དེ་ནི་ལོ་རྒྱུས་བསྐྱར་དུ་མངོན་པར་བྱས་པ་ཞིག་ཡིན་པས། ལྟད་མོ་བ་ཚོས་མཁའ་ཐོག་ནས་ཆིང་ཏན་འབར་མདེལ་འཕེན་པའི་རླབས་ཆེན་གྱི་སྐད་ཅིག་མ་དེ་ཐད་ཀར་ཤེས་རྟོགས་ཐུབ་པ་དང་ཆབས་ཅིག་དྲན་གསོ་ཁང་གི་འགྲེམས་སྟོན་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་ཐུབ།


མཉམ་སྤྱོད།