དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ལ་ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སྤོ་ལོ་དང་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར་གྱི་གྲུབ་འབྲས་བཟང་པོ་ཐོབ།

2024-10-30 15:27:57   |   786

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི2024ལོའི་གཞོན་ནུ་ལོ་ཆུང་གི་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཟི་ལིང་དུ་གཉེར། མཚོ་བྱང་ཁུལ་གྱི་སློབ་འབྲིང7གྱིས་སྐྱེས་པ་དང་བུད་མེད་ཀྱི་རུ་ཁག14མངགས་ནས་མི་གསུམ་ལམ་ལུགས་དང་མི་ལྔའི་ལམ་ལུགས་ཀྱི་འགྲན་བསྡུར་ནང་ཞུགས་པར་གྲུབ་འབྲས་བཟང་པོ་ཐོབ། དེའི་ནང་། རྐང་ཚ་རྫོང་མི་རིགས་སློབ་འབྲིང་ལ་དམའ་རིམ་སློབ་འབྲིང་གི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། སློབ་གྲོགས་ཤིག་ལ“རིན་ཐང་ཆེ་ཤོས་ཀྱི་སྤོ་ལོ་རྒྱག་མཁན”གྱི་མཚན་སྙན་ཐོབ། འཇུ་ལག་རྫོང་དམའ་རིམ་སློབ་འབྲིང་གསུམ་པ་དང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པར་ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་ཐོབ་པ་དང་། འཇུ་ལག་རྫོང་གི་ཞག་སྡོད་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་དང་པོར་ཕུལ་བྱུང་རྩ་འཛུགས་གྱི་བྱ་དགའ་ཐོབ་ཡོད། དེ་དང་ཆབས་ཅིག 2024ལོའི་མཚོ་སྔོན་ཞིང་ཆེན་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར་ནང་། རྐང་ཚ་རྫོང་མི་རིགས་སློབ་འབྲིང་གིས་འགྲན་ཞུགས་རུ་ཁག20ལྷག་ཙམ་ཁྲོད། སྐྱེས་པའི་སྨི18ཀྱི་ཚོགས་པའི་འགྲན་བསྡུར་གྱི་ཨང་གསུམ་པ་དང་། བུད་མེད་ཀྱི་སྨི18ཀྱི་ཚོགས་པའི་འགྲན་བསྡུར་གྱི་ཨང་གཉིས་པ། སྐྱེས་པ་དང་བུད་མེད་ཀྱི་སྨི30ཡི་ཚོགས་པའི་འགྲན་བསྡུར་གྱི་ཨང་གསུམ་པ།  སྨི30ཡི་ཚོགས་པའི་འགྲན་བསྡུར་གྱི་ཨང་གཉིས་པ། སློབ་གྲོགས་གཉིས་ལ་མི་སྒེར་འགྲན་བསྡུར་གྱི་ཨང་དྲུག་པ་དང་ཨང་བདུན་པ་བཅས་ཐོབ་ཡོད། དགེ་རྒན་གཉིས་ལ་མི་སྒེར་འགྲན་བསྡུར་གྱི་ཨང་བརྒྱད་པ་དང་ཕུལ་བྱུང་རྩལ་འཁྲིད་པའི་མཚན་སྙན་ཐོབ་པ་མ་ཟད། སློབ་གྲྭར་ཕུལ་བྱུང་རྩ་འཛུགས་པའི་བྱ་དགའ་ཐོབ་པ་རེད། 

01.jpg

ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་སློབ་མའི་ལུས་རྩལ་འགུལ་སྐྱོད་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང“ཚད་ལྡན་དང་ཁྱད་ཆོས་ཟུང་དུ་འབྲེལ་བའི”སློབ་གཉེར་དམིགས་ཚད་དང་། “ཚད་ལོན་དང་ཁྱད་ཆོས་ཟུང་དུ་འབྲེལ་བའི”མི་སྣ་གསོ་སྐྱོང་གི་དམིགས་ཚད་ལ་གཞིགས་ཏེ། སློབ་ཚན་སློབ་ཁྲིད་དང་སློབ་གསེང་བྱེད་སྒོ། ལས་ཞོར་སྦྱོང་བརྡར། རྩལ་འགྲན་འགྲན་ར་སོགས་སྒོ་ཀུན་ནས་ལུས་རྩལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། སློབ་གྲྭའི་ལུས་རྩལ་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སློབ་མའི་ལུས་རྩལ་འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་བཏང་བ་དང་། སློབ་མའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བ་བྱས་པས་ཕན་འབྲས་དངོས་ཐོན་ཡོད་པ་རེད། 

མིག་སྔའི་བར་། ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་འབྲིང་རིམ་ལས་རིགས་སློབ་གྲྭ42ལ་སྤོ་ལོ་རུ་ཁག67དང་། རྐང་རྩེད་སྤོ་ལོའི་རུ་ཁག60དང་། མདའ་འཕེན་རུ་ཁག30དང་། མཆོང་རྒྱུག་འཕེན་གསུམ་རུ་ཁག27དང་། སྦེ་གའི་རུ་ཁག7བཅས་བཙུགས་པ་མ་ཟད། ད་དུང་སྐམ་སའི་འཁྱགས་ལྟིར་དང་གླང་ཆེན་ས་གཤགས་སོགས་ལུས་རྩལ་རུ་ཁག3ཡོད་ཅིང་། ལུས་རྩལ་རུ་ཁག་སྣ་ཚོགས་ལ་ཁྱོན་སྡོམ་ལུས་རྩལ་པ་མི3112ཡོད་པ་རེད།


མཉམ་སྤྱོད།