དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་ལ་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།

2024-10-30 15:56:02   |   912

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་སྔོན་ཉིན་རེའི་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ10ཚེས28ཉིན། རིག་གནས་དང་གནས་སྐོར་པུས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ལས་ཁུངས100ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་དང་མི198ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་རེད། དེའི་ཁྲོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང(མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལྟེ་གནས)དང་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་རིག་གནས་ཁང་ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དབྱང་ཡུང་ལེའང་དང་། བློ་བཟང་བསྟན་པ། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཝུའུ་དབྱིང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའི་ཡུས་གོ་ཝུན། རྩེ་ཁོག་རྫོང་རིག་གནས་ཁང་གི་མགོ་གཙོ་མཁར་ལོ་རྒྱལ་བཅས་ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་པ་རེད།


མཉམ་སྤྱོད།