དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས2024ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་པའི་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ།

2024-10-31 09:30:56   |   837

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཁྱོན་སྡོན་ཐེངས13414འབྱོར་བའི་ནང་། ཐེར་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས4636ཡོད་པ་དང་།  གནད་དོན་ཁུངས་སྣེ6275ཡོད། གྱོད་གཞི2134ཐོ་འགོད་བྱས། དེའི་ནང་ཐིང་དང་ཅུ་རིམ་པའི་ལས་བྱེད་པ39དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ186དང་། ཤང་དང་ཁོའོ་རིམ་པའི་ལས་བྱེད་པ433བཅས་ཐོ་འགོད་བྱས་ཡོད་ཅིང་། ལས་ཐོག་དང་ལས་ཡོལ་གྱི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་མཁན306ཐོ་འགོད་བྱས་ཡོད།     མི1796ལ་ཆད་པ་བཅད་པ་དང་།    དེའི་ཁྲོད་མི1588ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད། མི475ལ་སྲིད་དོན་གྱི་ཆད་པ་བཅད། ཐིང་དང་ཅུ་རིམ་པའི་ལས་བྱེད་པ24དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ157དང་། ཤང་དང་ཁོའོ་རིམ་པའི་ལས་བྱེད་པ343དང་། ལས་བྱེད་པ་དཀྱུས་མ113དང་། གྲོང་གསེབ་དང་ཁེ་ལས་སོགས་མི་སྣ་གཞན1159བཅས་ལ་ཆད་པ་བཅད་ཡོད།  

11.jpg  

པར་རིས་དང་པོ།    ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆད་པ་བཅད་པའི་མི་སྣའི་གོ་གནས་དཔེ་རིས།

2024ལོའི་ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་ནས་མི་ཐེངས5770ལ་སྐྱོན་བརྗོད་དང་། སློབ་གསོ། རོགས་རམ། ཐག་གཅོད་བཅས་བྱས། དེའི་ནང་རྣམ་པ་དང་པོ་སྤྱད་ནས་མི་ཐེངས3863ལ་སྐྱོན་བརྗོད་སློབ་གསོ་དང་རོགས་རམ་བྱས་ཤིང་། དེས་མི་ཐེངས་སྡོམ་འབོར་གྱི66.9%བཟུང་ཡོད། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས1369ཐག་གཅོད་བྱས་པ་དེས23.7%བཟུང་ཡོད། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས242ཐག་གཅོད་བྱས་པ་དེས4.2%བཟུང་ཡོད། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས296ཐག་གཅོད་བྱས་པ་དེས5.1%བཟུང་ཡོད།   

22.jpg 

པར་རིས་གཉིས་པ། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི“རྣམ་པ་བཞི”སྤྱད་པའི་སྡུར་ཚད་དཔེ་རིས།

 ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲད་པ་གཉིས་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྐོག་རྔན་སྤྲད་པའི་མི202ཐོ་འགོད་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་པའི་མི57ཡོད།   


མཉམ་སྤྱོད།