དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་གྱི་མི་དམངས་ཡོངས་ལ་སྤྲིངས་པའི་སྤྱི་བསྒྲགས་འཕྲིན་ཡིག

2024-11-04 09:49:57   |   852

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ།     

མང་ཚོགས་ཀྱི་ཁེ་ཕན་ལ་དོན་ཆུང་མེད།    མང་ཚོགས་ཀྱི་ཁེ་ཕན་ཚང་མར་འབྲེལ་བ་ཡོད།     ཉེ་བའི་ལོ་ཤས་རིང་།    ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་འཚོའི་གཏོང་ཆ་མང་དུ་གཏོང་བ་ལས་ཉུང་དུ་མི་གཏོང་བ་དང་།    དམངས་ཕན་བྱེད་ཤུགས་ཆེ་རུ་གཏོང་བ་ལས་ཉམས་ཞན་དུ་མི་གཏོང་བ།    དམངས་འཚོའི་བྱ་བ་དངོས་མང་དུ་གཏོང་བ་ལས་ཉུང་དུ་མི་གཏོང་བ་བཅས་བྱས་ཏེ་བྱ་བ་རེ་རེ་བཞིན་སྒྲུབ་པ་དང་ལོ་ལ་ཟླ་མཐུད་ནས་སྒྲུབ་པས་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་དང་ཁས་ལེན་རྒྱ་ཁྱབ་ཐོབ།  2024ལོར་ང་ཚོས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་ཞུ་དང་།    མི་དམངས་འཐུས་ཚོགས་ཀྱི་འཐུས་མི།    སྲིད་གྲོས་ཨུ་ཡོན།    གཞི་རིམ་ལས་བྱེད་པ་བཅས་ཀྱི་བསམ་འཆར་དང་གྲོས་མགོར་རྒྱ་ཁྱབ་ངང་ཉན་པ་དང་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ་མཐར་མང་ཚོགས་ལ་ཕན་པ་ཐོབ་རྒྱ་ཆེ་བ་དང་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་དམངས་འཚོ་བྱ་བའི་རྣམ་གྲངས་ཁག45གཏན་འཁེལ་བྱས་ཡོད།    མིག་སྔར་དམངས་འཚོའི་བྱ་བ་དངོས་དེ་དག་གི་འཕེལ་རིམ་ལེགས་ལ་ལོ་མཇུག་གོང་སྤུས་ཚད་མཐོན་པོའི་སྒོ་ནས་ཁྱོན་ཡོངས་ནས་ལེགས་སྒྲུབ་ཐུབ་རྒྱུ་རེད།     

ཁྱེད་ཀྱིས་རྣམ་གྲངས་ལག་བསྟར་གྱི་ཕན་འབྲས་ལ་གདེང་འཇོག་དང་གནད་ལ་འཁེལ་བའི་བསམ་འཆར་དང་གྲོས་མགོ་འདོན་རོགས། ང་ཚོས་རྣམ་གྲངས་ལ་ཁྱོན་ཡོངས་ནས་དཔྱད་དཔོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཇེ་ཆེ་དང་། སྔར་བས་འགན་ལེན་ཡོད་པ།    སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ལ་འབད་ངེས་ཡིན།

བཞུད་ལམ་རིང་ཡང་དམངས་ཕན་གྱི་ཐོག་མའི་བསམ་འདུན་མ་བརྗེད།  སྔར་ལས་ལྷག་པའི་སྒོ་ནས་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་།  དམངས་ཀྱི་འདོད་བློར་ཉན་པ། དམངས་ཀྱི་བློ་གྲོས་བསྡུ་ལེན། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱ་ཆེད།    ད་ཆ་སྤྱི་ཚོགས་ལ་ཕྱོགས་ནས2025ལོའི་མཚོ་བྱང་ཁུལ་གྱི་དམངས་འཚོའི་དོན་དངོས་ཡོངས་བསྒྲགས་ངང་བསྡུ་རུབ་བྱ་རྒྱུ་ཡིན་པས། ཁྱེད་ཀྱིས་མིག་སྔའི་དོ་ཁུར་ཆེ་ཤོས་དང་རེ་སྒུག་ཆེ་ཤོས། ལོ་དེར་ལག་བསྟར་དང་ལོ་དེར་ལེགས་གྲུབ་ཐུབ་པའི་དམངས་འཚོའི་བྱ་བ་དངོས་ཀྱི་ཐད་རྩ་ཆེའི་བསམ་འཆར་དང་གྲོས་མགོ་འདོན་རྒྱུར་ལྷག་བསམ་ཟོལ་མེད་ངང་རེ་སྒུག་བྱེད་ཀྱི་ཡོད། ང་ཚོས་ཁྱེད་ཀྱི་བསམ་འཆར་དང་གྲོས་མགོར་བསམ་གཞིག་གང་ལེགས་བྱས་ནས་སྤྱི་འདོམས་གསེད་བཀྲོལ་དང་ཞིབ་འཇུག་བྱེད་རྒྱུ་དང་། ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་ཐག་གཅོད་བྱས་རྗེས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་དམངས་འཚོའི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན།  

རྣམ་གྲངས་ལ་གདེང་འཇོག་དང་བསྡུ་རུབ་བྱེད་སྟངས།    ཁུལ་སྲིད་གཞུང་གི་དྲ་ཚིགས(http://www.haibei.gov.cn)དང་།    ཡིག་སྒམ། hhhzhanghaochen@163.comབཅས་བརྒྱུད་ཁྱེད་ཀྱི་བསམ་འཆར་དང་གྲོས་མགོ་འདོན་རྒྱུ།     

བསྡུ་རུབ་ཀྱི་དུས་ཚོད་ནི།    2024ལོའི་ཟླ10ཚེས21ཉིན་ནས་ཟླ11ཚེས21ཉིན་བར།     

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།  

  2024ལོའི་ཟླ10ཚེས21ཉིན།   


མཉམ་སྤྱོད།