དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་དགུན་ཤའི་ཟས་མཆོག་དུས་ཆེན་གྱི་བྱེད་སྒོ་སྤེལ།

2024-11-08 11:49:55   |   1116

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།    མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ11ཚེས7ཉིན།  མདའ་བཞི་རྫོང་གི2024ལོའི་དགུན་ཤའི་དུས་ཆེན་གྱི་བྱེད་སྒོ་མཚོ་སྔོན་པོ་བྱེ་གཞོང་ལྗོངས་ཁུལ་དུ་རྒྱལ་ཁའི་ངང་སྤེལ་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚའོ་ཅི་ཆང་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སུའུ་བདུན་ཅུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོའོ་རོས་ཞིན་དང་དེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སྟག་ལྷ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན་དང་དེ་བཞིན་རྫོང་གི་འབྲེལ་ཡོད་མགོ་ཁྲིད། ཡུལ་ཚོ་དང་གྲོང་རྡལ་ཁག་གི་འགན་འཁུར་བློ་མཐུན། ཞིང་འབྲེལ་ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་རའི་འགན་འཁུར་བ་སོགས་མི400ལྷག་འོས་སྦྱོར་བྱེད་སྒོར་ཞུགས།

01.jpg

03.png


ཐེངས་འདིའི་དགུན་ཤའི་དུས་ཆེན་གྱི་དམིགས་ཡུལ་ནི་མདའ་བཞིའི་ཞིང་ཕྱུགས་ལས་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཁྱད་ལྡན་ཅན། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་བཏང་ནས། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་དཔེ་སྟོན་རྫོང་གསར་འཛུགས་བྱ་རྒྱུ་དེ་ཡིན། “གསེར་དངུལ་ཐང་གི་ལུག་ཤ”དང“མཚོ་སྔོན་པོའི་ལུག་ཤའི”སྤུས་རྟགས་སྣེ་ཁྲིད་དུ་བྱས་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས།  གནས་སྐོར། ཚོང་དོན་བཅས་ཀྱི་ཐོན་ལས་རིམ་སྤོར་དང་སྤུས་རྟགས་གཏོད་པའི་ཞིང་ཕྱུགས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྟོབས་ཤུགས་བཏོན་ནས“སྲིད་གཞུང་གིས་ཁེ་ལས་ལ་རོགས་རམ་བྱེད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་མངོན་འགྱུར་བྱེད་པ་དང་། ཟས་མཆོག་འོས་སྦྱོར་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་དང་རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

02.png


རྗེས་ཕྱོགས། མདའ་བཞི་རྫོང་གིས་མུ་མཐུད་དུ་བྱ་བའི་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་ར་ཇེ་ལེགས་སུ་གཏོང་བ ། ཕྱིར་འཚོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་ར་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རོང་འབྲོག་མང་ཚོགས་ལ་དངོས་ཕན་དང་བདེ་སྐྱིད་དེ་བས་མང་བ་ཐོབ་པ་དང་མདའ་བཞི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་པར་འབད་བརྩོན་བྱེད་རྒྱུ་རེད། 


མཉམ་སྤྱོད།