དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབུལ་ཐར་མི་འབོར་གྱི་འབབ་སྨར་མགྱོགས་མྱུར་ངང་འཕར་བ།

2024-12-09 10:59:03   |   766

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་ཕྱུགས་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་བས། དབུལ་ཐར་མི་འབོར་གྱི་འབབ་སྨར་མགྱོགས་མྱུར་འཕར་ཡོད། 2024ལོར་མཚོ་བྱང་གི་དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21556.92ཡིན་པ་དེ། 14.52%འཕར་ཡོད་ཅིང་། དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས0.49ཡིས་མཐོ་བ་ཡོད་པ་དང་། ཡོང་འབབ་སྒོར10000མན་གྱི་དབུལ་ཐར་མི་འབོར་མེད་པ་བཟོས་ནས། “མཐོ་བ་གཉིས”ཀྱི་སྔོན་དཔག་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཡོད།

མཚོ་བྱང་ཁུལ་གྱིས་འབབ་འཕར་གྱི་གཙོ་གནད་དང་དཀའ་གནད། འགག་གནད་བཅས་སེལ་རྒྱུར་དམིགས་ཏེ། སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་པ་དང་། “གཅིག་སྡུད་དྲུག་དང་ཁག་གཅིག་གི་འབབ་འཕར་བྱ་སྤྱོད”ཧུར་ཐག་སྤེལ་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས། མ་དངུལ་སྣ་ཚོགས་བསྡོམས་སྒོར་དུང་ཕྱུར5.29བསྡུ་སྒྲིལ་བྱས་ཏེ། རྣམ་གྲངས་གཙོ་བོ65དང་ལེ་ལག་ཚང་བའི་འདེགས་སྐྱོར་རྣམ་གྲངས92བསྐྲུན་ནས། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་དབུལ་ཐར་མི་འབོར་གྱི་ཡོང་འབབ་རྒྱུན་མཐུད་དང་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་བཏང་།

ངལ་ནུས་ཕྱིར་གཏོང་སོགས་ཀྱི་བྱེད་ཐབས་ལ་དམིགས་ནས་དབུལ་ཐར་ངལ་ནུས་གཞན་སྒྱུར་ལས་ཞུགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། མཚོ་བྱང་ཁུལ་གྱི་ལས་མི10586དང་ཁུལ་ཡོངས་ཀྱི་གནས་སྤོས་བཀོད་སྒྲིག་གི་དབུལ་ཐར་ངལ་ནུས1041ལས་ཞུགས་ཐུབ་ཡོད། ཁུལ་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང60གཏན་འཁེལ་བྱས་པ་དང་། དབུལ་ཐར་ངལ་རྩོལ་ནུས་ཤུགས382ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས། “སྦྲང་ཆར་འཆར་གཞི+”ཡི་ལས་ཞུགས་སྐུལ་འདེད་བྱ་སྤྱོད་སྤེལ་ནས་སློབ་རིམ་སྤོར་བ་དང་ལས་ཞུགས། དམག་ནང་ཞུགས་པ་བཅས་མི་གྲངས294མངོན་འགྱུར་བྱུང་བ་དང་། ལས་ཞུགས་ཐུབ་ཚད95.15%ཡིན། ཆ་རྐྱེན་དང་མཐུན་པའི་མི1407ཏེ་ཞིང་ཆེན་བརྒལ་བའི་ལས་ཞུགས་དབུལ་ཐར་མི་འབོར་དང་རྟོག་འཇལ་རོགས་སྐྱོར་བྱ་ཡུལ་ལ་སྤྲོད་ཐེངས་གཅིག་གི་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་སྒོར་ཁྲི140.7སྤྲད་ཡོད།

གཞན་ཡང་། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་གྱི“ལྷུ་ཚིགས་གཉིས”དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གནད་སྨིན་དབྱེ་འབྱེད་དང་རོགས་སྐྱོར་བྱ་ཐབས་སོགས་གཙོ་གནད་ཆེ་གྲས་ལྔར་དམིགས་ཏེ། རྟོག་འཇལ་བྱ་ཡུལ་དབྱེ་འབྱེད་ཁྱབ་ཁོངས་ནང་ཁྱོན་ཡོངས་ནས་བཅུག་པ་དང་། དབྱེ་འབྱེད་ཁྱབ་ཁོངས་ནང་བཅུག་ཀྱང་ཉེན་ཁ་ད་དུང་སེལ་མེད་པའི་རྟོག་འཇལ་དུད་ཚང་375ལ་དམིགས་གཏད་རང་བཞིན་གྱི་རོགས་སྐྱོར་བྱ་ཐབས་མུ་མཐུད་དོན་འཁྱོལ་བྱས་ནས། གནད་སྨིན་རོགས་སྐྱོར་གྱི་ཕན་ནུས་ཆེ་རུ་བཏང་སྟེ་རྟོག་འཇལ་དུད་ཚང་གི་ཡོང་འབབ་འཕར་བར་བྱས། མཚོ་བྱང་ཁུལ་གྱིས་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར7.3དོན་འཁྱོལ་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་ཡོད།


མཉམ་སྤྱོད།