དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཤ་བོ་སྐྱབས་ཀྱིས་རུ་སྣེ་ཁྲིད་དེ་རྒྱལ་སའི་ངར་ལྕགས་གླིང་དུ་རྟོག་ཞིབ་སློབ་སྦྱོང་ལ་བསྐྱོད།

2024-12-19 09:26:59   |   90

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་རྒྱལ་སའི་ངར་ལྕགས་གངས་ཤུད་མཆོང་སྟེགས་ཆེན་པོ་དང་རྒྱལ་སའི་ངར་ལྕགས་བཟོ་ལས་རིག་གནས་སེམས་ཀྱི་ཉི་ཟླ་གསོལ་མགྲོན་ཁང་། མཐོ་གསུམ་ཐབ་ཀ་སོགས་རྒྱལ་སའི་ངར་ལྕགས་བཟོ་ལས་ལོ་རྒྱུས་རྗེས་ཤུལ་དུ་ཡོང་ནས་གླིང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྒྱུས་ལོན་གནང་སྟེ་ཡུལ་དངོས་སུ་རྒྱལ་སའི་ངར་ལྕགས་བཟོ་ལས་ཤུལ་བཞག་དང་དགུན་དུས་ཨོ་རྩལ་གྱི་ཤུལ་བཞག་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། རྒྱལ་སའི་ངར་ལྕགས་གླིང་དེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྟགས་ཐམ་དཔང་རྟགས་དངོས་པོ་དང་བཟོ་ལས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དཔེ་མཚོན་དཔེ་གཞིའི་ནང་བདམས་པ་དེ་ནི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དང་། ཀྲུང་གོའི་ངར་ལྕགས་བཟོ་ལས་ཀྱི་བསྡུས་རིས་ངོ་མ་ཞིག བརྗིད་ཉམས་དོད་པའི་ལས་གཏོད་ཀྱི་ལོ་རྒྱུས་སྙན་ངག་ཅིག་བཅས་ཡིན་པས། ཀྲུང་གོ་གསར་པའི་ངར་ལྕགས་བཟོ་ལས་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་བཟོ་ལས་རིག་གནས་ཀྱང་མངོན་པར་བྱས་ཡོད།  

ཤ་བོ་སྐྱབས་ཀྱིས་ཐེངས་འདིའི་རྟོག་ཞིབ་སློབ་སྦྱོང་ནི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་ཞིག་ཡིན་པར་མ་ཟད། སྙིང་སྟོབས་ཀྱི་ཉམས་སད་ཅིག་ཀྱང་རེད། རྒྱལ་སའི་ངར་ལྕགས་བཟོ་ལས་རིག་གནས་ཀྱི་ནང་དོན་ཟབ་མོ་ཚོར་ཐུབ་པར་མ་ཟད། གསར་གཏོད་ཀྱི་འགྲེམས་སྟོན་བྱེད་སྟངས་ཀྱིས་ཡིད་དབང་འགུག་པ་ཞིག་ཀྱང་རེད། རྒྱལ་སའི་ངར་ལྕགས་གླིང་ཧྲིལ་པོར་བཀྲག་མདངས་འཚེར་ས་མང་བ་དང་གསར་གཏོད་ཀྱི་སྙིང་སྟོབས་གསར་པ།    རིག་གནས་ཀྱི་རྣམ་པ་ཟབ་པ། ཚན་རྩལ་གྱི་སྤུས་ཀ་ཟབ་པ། ལྗང་མདོག་སྐྱེ་ཁམས་མངོན་གསལ་དོད་པ་བཅས་ཀྱི་རྣམ་པ་མངོན་ཡོད། བཙའ་དང་གཡའ་ཆགས་པའི་སྒྲིག་ཆས་དང་གང་སར་ཁྱབ་པའི་སྦུག་ལམ་ལས་དེ་སྔའི་ངར་ལྕགས་ཐོན་སྐྱེད་ཀྱི་ཚ་རླབས་དང་སྟོབས་ཤུགས་ཟབ་མོ་ཚོར་ཐུབ་པར་མ་ཟད། རྒྱལ་སའི་ངར་ལྕགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡང་ཚོར་ཐུབ་ལ། ད་དུང་གླིང་ཁུལ་འཕེལ་རྒྱས་ཕྱོགས་སྒྱུར་གྱི་འགན་འཁྲི་ཡང་མཚོན་ཐུབ། འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཉར་ཚགས་བྱས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དེ་དག་དང་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་རྒྱལ་གཉེར221བཟོ་གྲྭའི་གནའ་ཤུལ་དབར་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་པ་དང་། ས་གནས་གཉིས་ཀར་རྩ་ཆེའི་འཛུགས་སྐྲུན་དང་བཟོ་ལས་ཀྱི་རྗེས་ཤུལ་མང་པོ་ཡོད་པ་དེ་དག་ཚང་མ་ལོ་རྒྱུས་ཀྱི“འགྱུར་རྡོ་གསོན་པོ”ཡིན་པས། དེ་སྔའི་སྤྱིར་བཏང་མིན་པའི་ལོ་ཟླ་ཉར་ཚགས་བྱས་ཡོད་ཅིང་། ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མཚོ་བྱང་གི་མིག་སྔའི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་དམ་འཛིན་གྱིས་རྒྱལ་སའི་ངར་ལྕགས་གླིང་གི་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་པ་དང་དཔེ་བསྡུར་བྱས་ཏེ་གསར་གཏོད་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་།  འགན་འཁྲི་ཕྲག་ཏུ་འཁུར་བ། མཚོ་བྱང་གི་ལོ་རྒྱུས་ལ་གསོན་ཤུགས་བསྩལ་ནས་གནའ་ཤུལ་ལ་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས་ཟེར།    

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་འཆར་འགོད་ཀྱི་སྣེ་ཁྲིད་ཡག་པོ་བྱེད་དགོས། མིག་རྒྱང་ཐོག་མཐའ་བར་གསུམ་དུ་རྡུལ་ཕྲན་མཁར་གྱི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་སྟེང་དུ་བཞག་ནས། གསར་བརྗེའི་རིག་གནས་སྔོག་འདོན་དང་ཚད་གཞི་མཐོ་བའི་རྗེས་ཤུལ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་སྤྱི་ཡོངས་ཀྱི་འཆར་འགོད་གཅིག་གྱུར་བྱས་ཏེ། གསར་བརྗེའི་རིག་གནས་དང་ལོ་རྒྱུས་བཟོ་ལས་ཀྱི་རྗེས་ཤུལ། གནས་སྐོར་ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཁུལ་ཡོངས་ཀྱི་གནས་སྐོར་སྤྱིའི་འཆར་འགོད་ནང་བཅུག་ནས་བཀོད་སྒྲིག་བྱེད་དགོས། ལྷག་པར་དུ་དེ་སྔའི221རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ18དང་། ནུབ་མཚོ་གྲོང་རྡལ་གྱི་མཁར་གྲོང་དང་གྲོང་རྡལ་ཧྲིལ་པོའི་སྣང་བརྙན་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་པ་དང་ནུབ་མཚོ་གྲོང་རྡལ་གྱི་ཕྱིའི་རྣམ་པར་བཙའ་མདོག་གཙོ་བོར་བྱས་ཏེ་གསར་བརྗེའི་གྲོང་རྡལ་ཆུང་ངུའི་སྣང་བརྙན་ཞིབ་ཚགས་ངང་བརྐོས་ནས། རྗེས་ཤུལ་གསོན་འགྱུར་ཐད་ཧུར་བརྩོན་བྱས་ཏེ། ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད་དང་ཐོན་ལས་ཕྱོགས་སྒྱུར་གྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་འཕར་བར་བྱས་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་དེ་རིག་གནས་གནས་སྐོར་གྱི་ས་ཁམས་མཚོན་རྟགས་སུ་གྱུར་བར་བྱེད་དགོས། གཉིས་ནས་ཐོན་ལས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།  རྒྱལ་སའི་ངར་ལྕགས་གླིང་གི་སྣ་མང་མཉམ་འདྲེས་དང་རིམ་འཇུག་རིམ་སྤར་གྱི་འཕེལ་རྒྱས་གཏོང་སྟངས་དཔྱད་གཞིར་འཛིན་པ་དང་། བཟའ་བཏུང་དང་ཞག་སྡོད། འགྲེམས་སྟོན་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་དང"ཚན་རྩལ+"དང"ལུས་རྩལ+" "རིག་གནས+" "འགྲེམས་སྟོན+"སོགས་སྣ་མང་རྣམ་པའི་གསར་གཏོད་ལས་སྒོ་གཅིག་བསྡུས་བྱས་ཏེ། བསམ་བློའི་བཀག་རྒྱ་གཏོར་བ་དང་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱི་དགོས་མཁོར་དཔེ་བསྡུར་བྱས་ནས། རྗེས་ཤུལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག་ཐོན་ལས་ས་མཚམས་བརྒལ་ནས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ནུབ་མཚོ་གྲོང་རྡལ་འདི་བཟོ་ལས་གྲོང་རྡལ་རྙིང་པ་ནས་གསོན་ཉམས་ལྡན་པའི་གྲོང་ཁྱེར་གསར་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་རིམ་འགྱུར་མངོན་འགྱུར་བྱེད་དགོས། གསུམ་ནས་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་དགོས། “ཕྱིར་སྐྱོད་པ་དང་གཞན་གྱི་ལེགས་ཆ་འཚོལ་བསྡུ་བྱེད་པ། ནང་དུ་འདྲེན་པ། རང་གིས་བེད་སྤྱོད་གཏོང་བ”བཅས་ཀྱི་ཕྱོགས་གཉིས་མཉམ་འགུལ་གྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། བཟོ་ལས་རྗེས་ཤུལ་གྲུབ་འབྲས་ཐོབ་པའི་ངང་ཕྱོགས་སྒྱུར་བྱེད་པའི་གླིང་ཁུལ་དང་མཉམ་ལས་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་པ། གྲུབ་འབྲས་ཐོབ་པའི་དཔེ་མཚོན་ལ་ཡུལ་དངོས་སུ་བརྟག་ཞིབ་དང་ལྟ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། བཟོ་ལས་རྗེས་ཤུལ་བེད་སྤྱོད་ཀྱི་སྔོན་ཐོན་འདུ་ཤེས་དང་དཔེ་མཚོན་ཉམས་མྱོང་ནང་འདྲེན་ཏན་ཏིག་བྱེད་པ། རྣམ་གསར་དོ་དམ་ཤེས་ལྡན་མི་སྣ་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ་མཚོ་བྱང་གི་བཟོ་ལས་རྗེས་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་གཞག་ལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྣོན་དགོས། བཞི་ནས་དགུན་དུས་གནས་སྐོར་ལ་ནུས་ཤུགས་སྣོན་དགོས། མཚོ་བྱང་གི་དགུན་དུས་ཀྱི་རང་བྱུང་མཛེས་ལྗོངས་གང་ལེགས་སྤྱད་དེ་མཚོ་སྔོན་པོ་དང་མདོ་ལ་རི་བོའི་དགུན་དུས་རང་བྱུང་མཛེས་ལྗོངས་ཁྱོན་ཡོངས་ནས་མངོན་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་གངས་འཁྱག་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་དང་ཁྱད་ལྡན་གངས་འཁྱག་གནས་སྐོར་བཏོད་པ། གངས་འཁྱག་རོལ་རྩེད་དང་མི་རིགས་ལུས་རྩལ། རྫས་མཆོག་འགྲེམས་སྟོན། ཟས་མཆོག་རོལ་མྱོང་། པར་ལེན་འགྲན་སྡུར། ཆུ་ཚན་ལ་འདུག་པ། སྐྱེ་ཁམས་གནས་སྐོར། ཉི་ཤར་ལ་ལྟ་བ། དུས་ཆེན་དགའ་གཏོང་། དམངས་སྲོལ་འགྲེམས་སྟོན་སོགས་ངོ་མཚར་ཆེ་ལ་སྤྲོ་སྣང་དང་ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། མཚོ་བྱང་ཁུལ་གྱི་དགུན་དུས་གནས་སྐོར་ཁྱོན་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་དགུན་དུས་གནས་སྐོར་དེ་མཚོ་བྱང་གི་གནས་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་ཧུར་ཐག་སྒོས་འགྱུར་བར་བྱེད་དགོས། “གྲང་བཟོའི་ཐོན་ཁུངས”དེ“ཚ་བའི་ཐོན་ལས”སུ་འགྱུར་བར་བྱས་ནས་གནས་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མཚོ་བྱང་གི་ཁྱད་ལྡན་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཧན་ཧྲི་དང་། པེ་ཅིང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའུ་ཡི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས།


མཉམ་སྤྱོད།