དེ་རིང་ནི2024ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མ་དབྱིང་ཅིའུ་ཡིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས་པ།

2024-12-19 09:32:57   |   172

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


    ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་ཧར་པིན་དུ་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་མ་དབྱིང་ཅིའུ་དང་དེ་བཞིན་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་གངས་འཁྱགས་དུས་ཆེན་ནང་ཞུགས་མཁན་ཐའེ་དབན་གྱི་སྐུ་མགྲོན་ཁག་གཅིག་གི་འཐུས་མི་དང་མཇལ་འཛོམས་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་།

01.jpg

ཟླ12པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ(གཡས་པ)ཡིས་ཧར་པིན་དུ་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་མ་དབྱིང་ཅིའུ(གཡོན་པ)དང་དེ་བཞིན་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་གངས་འཁྱགས་དུས་ཆེན་ལ་ཞུགས་མཁན་ཐའེ་དབན་གྱི་སྐུ་མགྲོན་འཐུས་མི་ཁག་གཅིག་དང་མཇལ་འཛོམས་གནང་བ་རེད།     ཀྲང་དབྱང་པིན་གྱིས་པར་བླངས། 

   སུང་ཐའོ་ཡིས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པས་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་།    ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ།    སྤུན་ཟླའི་མཛའ་བརྩེ་མུ་མཐུད་དུ་ཟབ་ཏུ་གཏོང་བ།    ལག་གདང་སྦྲེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ།    ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མཉམ་དུ་དོན་གཉེར་བྱེད་པ།    ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་བདེ་སྐྱིད་མཉམ་དུ་གཏོད་པ་བཅས་བྱེད་དགོས་ཞེས་བསྟན།     

མ་དབྱིང་ཅིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།     ཁོང་གིས་ངོགས་གཉིས་ཀྱི་མི་དམངས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་ཚང་མ་ཡན་ཧོང་གི་རྒྱུད་པ་ཡིན་པས་ངེས་པར་དུ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱས་ཏེ། སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་སྤུན་ཟླའི་བདེ་རྩ་ཟབ་ཏུ་བཏང་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་མདུན་ནས་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་འདེགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།     


མཉམ་སྤྱོད།