དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཚོགས་འདུ་འཚོགས།ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2022-12-30 08:53:34   |   261

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།   གངས་ལྗོངས་འཕྲིན་གསར། 


ཟླ12པའི་ཚེས29ཉིན་གྱི་སྔ་དྲོར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས29བ་འཚོགས་ཤིང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་ནད་དུག་འགོས་ནད་ལ“འགོས་ནད་ཁ་བའི་རིགས་ལ་དོ་དམ་རིམ་པ་ཁ་བའི་བྱེད་ཐབས”ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞི་བཅས་ལ་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

1672361745863779.jpg

ཚོགས་འདུའི་ཐོག ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས2022ལོའི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་གཏིང་ཟབ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས2023ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གལ་ཆེན་བྱས་ཏེ། སང་ལོ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་གོམ་སྟབས་ཡག་པོ་སྤོ་ཐུབ་པ་བྱས་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པར་བསྟན།    

ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བ་དང་གྲོང་གསེབ་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ་ཡག་པོར་སྒྲུབ་དགོས་ལ། སང་ལོའི་དཔལ་འབྱོར་བྱ་བ་དང་གྲོང་གསེབ་བྱ་བའི་སྤྱིའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། “སྤྱི་ཁོག་སྲིད་ཇུས་ཆེ་གྲས་ལྔ”ཡི་ཁྲིད་ཕྱོགས་སྲ་བརྟན་དུ་གཏོང་བ། “གཅིག་གྱུར་འཆར་འགོད་དྲུག”གི་བླང་བྱ་གལ་ཆེན་འབུར་ཐོན་ཡོང་བར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་དམ་པོར་འཛིན་པ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”ཀྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་རྩ་གནད་གཙོ་བོར་བཟུང་ནས་ནང་མཁོ་རྒྱ་སྐྱེད་དང་ཐོན་ལས་སྟོབས་ལྡན། ཉེན་ཁ་སྔོན་འགོག འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཀྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན།   

1672361814136736.jpg

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་ནད་དུག་འགོས་ནད་ལ“འགོས་ནད་ཁ་བའི་རིགས་ལ་དོ་དམ་རིམ་པ་ཁ་བའི་བྱེད་ཐབས”ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞིར་སློབ་སྦྱོང་བྱས། ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་གཞོགས་འདེགས་དམ་ཟབ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མང་འགོག་མང་བཅོས་བྱེད་པ་དང་། རིམ་པ་བཞིན་སྒྲིག་འཛུགས་དང་ལག་བསྟར་དམ་འཛིན་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་པྲོག་གསར་ནད་དུག་འགོས་ནད་ལ“འགོས་ནད་ཁ་བའི་རིགས་ལ་དོ་དམ་རིམ་པ་ཁ་བའི་བྱེད་ཐབས་སྤྱོད་པའི”བྱེད་ཐབས་སོ་སོ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། “བདེ་ཐང་མཚོ་བྱང”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

1672361931148841.jpg

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཁྱབ་གདལ་ནན་ཏན་བྱས་ནས་མཚོ་བྱང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། རེ་ཞུ་བྱེད་པའི་བྱ་བ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ། རང་ཁུལ་གྱི་མཚོ་གཏེར་འབུལ་བ་དང་དཀྲུག་ཇ། གཙག་དྲུབ། གླུ་ཤགས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེ་ཞུ་བྱེད་པའི་བྱ་བ་ཧུར་ཐག་སྒོས་སྤེལ་བ་དང་། རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་སྒྲུབ་པས་རང་རྟོགས་ངང་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་བ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་ལས་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བློ་མཐུན་པའོ་ཐའེ་ཡན་ལ“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་སློབ་སྦྱོང་བྱས། ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་ནས། སྔོན་ཐོན་དྲིལ་སྒྲོག་དང་སློབ་སྦྱོང་བྱེད་པའི་ཚ་རླབས་མྱུར་དུ་འཕྱུར་བར་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་གཙང་སྒྲུབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པ། འཐབ་ལམ་གསར་བ་འབད་པས་སྐྱོད་དེ་དུས་རབས་གསར་བར་བྱས་རྗེས་འཇོག་པ། བྱས་རྗེས་གསར་བ་གཏོད་པ་བཅས་ཀྱི་ཁྲོད་དུས་རབས་གསར་བའི་ཏང་ཡོན་གྱི་ཉམས་འགྱུར་མངོན་པར་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་རྒྱུར་སྐུལ་ལྕག་དང་འབོད་སྐུལ་བྱས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་མི་སྒེར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པའི་བླང་བྱ་བཏོན།     

1672361995139675.jpg

ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི2023ལོའི་ལུགས་གསར་ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་བྱ་བ་ཡག་པོར་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོར་སློབ་སྦྱོང་བྱས། ཚོགས་འདུའི་ཐོག 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ནས་དུས་ཆེན་སྐབས་ཀྱི་བྱ་བ་སོ་སོ་ནན་ཏན་ངང་ཡག་པོར་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་གྱི་དུས་ཆེན་རོལ་ཐུབ་པའི་འགན་ལེན་བྱེད་དགོས་པར་བསྟན། ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དང་ལས་རིགས་སླར་གསོ་དང་འཕེལ་རྒྱས་ཀྱི་འབྲེལ་ཡོད་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལས་ཞུགས་བརྟན་པོ་དང་ཟོག་གོང་བརྟན་པོ། ཤར་གཏོང་ཐུབ་པ་བཅས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་ནས“བར་ཐག་མེད་པའི”ཐོག་ནས་ཁྲོམ་རའི་བྱེད་པོར་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མཁོ་འདོན་དང་དཀའ་ངལ་དངོས་ཐག་གཅོད་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཏང་སྲིད་མགོ་ཁྲིད་ཀྱི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་བཏང་ནས་གུང་གསེང་སྐབས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་རིགས་དང་གཙོ་གནད་ལས་ཁུངས། གཙོ་གནད་ལྷུ་ཚིགས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དམིགས་སའི་རང་བཞིན་གྱི་དོགས་ཟོན་བྱ་ཐབས་སྤྱོད་དགོས་ཤིང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་དང་། ཁྲོམ་རའི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འཛད་སྤྱོད་ཀྱི་ཁོར་ཡུག་བཟང་བོ་གཏོད་པ་བཅས་བྱེད་དགོས་ལ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ནས་ཞིང་བ་ལས་མིར་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པ་དང་། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ་དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།  

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས།


མཉམ་སྤྱོད།