དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་གྲུབ་འབྲས་བླངས་པ།

2025-01-06 11:32:45   |   598

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས།  མཚོ་སྔོན་ཉིན་རེའི་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1ཚེས2ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་བྱང་ཁུལ་གྱིས་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་གཞི་ཚུགས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་སྐྲུན་རྒྱུའི་ལས་དོན་ལ་ཇུས་འགོད་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཚ་ཤུགས་ཆེ་བ་དང་ཐོལ་བརྒལ་ཡོད་པ། ཤུགས་རྐྱེན་མངོན་གསལ་ཡིན་པ་བཅས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། 2024ལོར་མཚོ་བྱང་ཁུལ་གྱིས་ཁྱོན་བསྡོམས་གནས་སྐོར་བ་མི་ཐེངས་ཁྲི960.51སྣེ་ལེན་བྱས་པ་དེ་དུས་མཚུངས་ལས51.28%འཕར་བ་དང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར37.65ཡིན་པ་དེ་དུས་མཚུངས་ལས23.65%འཕར་ཡོད།

2024ལོར་མཚོ་བྱང་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། ཐོན་རྫས་མ་ལག་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། ཚན་རིག་དང་མཐུན་པའི་དོ་དམ་གཉེར་སྐྱོང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས། 《མཚོ་བྱང་ཁུལ་གྱི་རིག་གནས་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའ་དང་རོགས་སྐྱོར་ལག་བསྟར་ཞིབ་སྲོལ(ཚོད་སྤྱོད)》བཏོན་ནས། གནས་སྐོར་ལས་དོན་ཁང་གི་ཚོགས་པ་རྩ་འཛུགས་དང་། རིག་གནས་དང་གནས་སྐོར་སྤུས་རྟགས་གསར་སྐྲུན། སྨྱན་སྦྱོར་གྱི་དྲིལ་བསྒྲགས་གཉེར་ཚོང་། འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་བཞིའི་ཐད་ནས་རོགས་སྐྱོར་དང་སྐུལ་ལྕག་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལས་དོན་སྤེལ་བ་ནས་བཟུང་། མཚོ་བྱང་ཁུལ་རིག་གནས་གནས་སྐོར་མ་ལག་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར2.077དོན་འཁྱོལ་བྱས་པ་དང་། ཞིང་ཆེན་རིམ་པའི་རིག་གནས་དང་གནས་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་ཁྲིད་སྟོན་མ་དངུལ་སྒོར་ཁྲི3673.1དོན་འཁྱོལ་བྱས་པ། ལུས་རྩལ་གནས་སྐོར་གཙོ་གནད་རྣམ་གྲངས117འཆར་འགོད་གསོག་འཇོག་བྱས་ནས། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར52.8བཏང་བ་དང་། རིག་གནས་གནས་སྐོར་གྱི་ཚོང་འགུགས་མ་འཇོག་རྣམ་གྲངས37འཆར་འགོད་གསོག་འཇོག་བྱས་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར36.9བཏང་། “ལྕགས་ལམ+ཀུན་སྤྱོད་གནམ་ཐང+མྱུར་བགྲོད་ལམ”ཀྱི་མགྱོགས་སྐྱོད་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་དང་། “འགྲིམ་འགྲུལ་དང་གནས་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག+རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་སྒྱུར་སྐྲུན+གྲོང་གསེབ་གཞུང་ལམ་རིམ་སྤོར+གནས་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ལམ་དང་ལྗང་མདོག་ལམ་འཛུགས་སྐྲུན+སྤུས་ཚད་མཐོ་བའི་འགྲིམ་འགྲུལ་གནས་སྐོར་འགྲུལ་སྐྱེལ་མ་ལག་འཛུགས་སྐྲུན་དང་དེ་བཞིན་ལེ་ལག་ཚང་བའི་གློག་གསོག་ཀ་བ་འཛུགས་སྐྲུན+འགྲིམ་འགྲུལ་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུའི་གྲངས་འཛིན་འགྲིམ་འགྲུལ་འཛུགས་སྐྲུན”གྱི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་མ་ལག་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད།

རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་འཛུགས་བྱས་ཏེ། སྒོར་དུང་ཕྱུར1.25བཏང་ནས་བྱེ་མ་ལ་བདུན་དང་། ཁེ་རམ་ཐང་སྐྱེ་ཁམས་ཉམས་ལེན་ཁུལ། དཔལ་དགེའི་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ། མཚོ་འཁྱིལ་གསེར་ཉ་ལྡོག་རྐྱལ་གནས་སྐོར་ལྟ་ཞིབ་ས་ཁུལ། གཡི་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། ཁིས་ཐོག་ལྗང་གཟིགས་ལྡིང་ཁང་བྱེ་བཅོས་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་དང་གཉེར་སྐྱོང་ལ་སྐུལ་འདེད་བཏང་ལ། སྒོར་དུང་ཕྱུ་10.48བཏང་ནས་མཚོ་སྐོར་བྱང་འགྲམ་གྱི་ཡུལ་ལྗོངས་བར་ཁྱམས་དང་རླངས་འཁོར་འཇོག་ས། གནས་སྐོར་མཚོན་རྟགས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ། མཚོ་སྐོར་བྱང་འགྲམ་གྱི་གནས་སྐོར་ཞབས་ཞུའི་ས་ཚིགས8དང་རླངས་འཁོར་འཇོག་ས15བསྐྲུན་ནས་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི79.09སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་ཁྲི1774.56མངོན་འགྱུར་བྱུང་ཞིང་། མཚོ་སྔོན་པོའི་བྱང་འགྲམ་གྱི་གནས་སྐོར་ཐོན་ལས་ཀྱི་བར་སྟོང་བཀོད་སྒྲིག་སྔར་བས་ལུགས་མཐུན་དང་མཛེས་ལྗོངས་ཁུལ་ཆེན་པོའི་རྣམ་པ་རིམ་བཞིན་ཆགས་ཡོད།


མཉམ་སྤྱོད།