དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་འཕྲལ་མྱུར་སྒོར་བྱེ་བ1དང་ས་ཡ3ལྷག་གི་གེགས་སེལ་དངོས་ཟོག་བསྐྱལ་ཏེ། བོད་ལྗོངས་དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོར་བྱས་པ།

2025-01-09 10:31:22   |   671

   སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་ཐོག བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་།     མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུ་གཞུང་ལས་ཁང་གིས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ། གེགས་ཁུལ་གྱི་ས་མཐོའི་གྲང་འཁྱག་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ནས། སྤོ་བདེའི་ཁང་པ1000དང་ལྟེབ་རྩེག་ཉལ་ཁྲི3000དང་། དྲོད་ལེན་ཐབ་ཀ300སོགས་རིན་ཐང་སྒོར་བྱེ་བ1དང་ས་ཡ3ལྷག་གི་གེགས་སེལ་དངོས་ཟོག་འཕྲལ་མྱུར་བཀོད་སྒྲིག་བྱས་ལ། ཟླ1ཚེས8ཉིན་གྱི་ཆུ་ཚོད12ཐོག སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་བཅས་ནས་ལམ་ལ་ཆས་ཤིང་། སྔོན་དཔག་བྱས་ན་ཆུ་ཚོད30ཡི་རྗེས་སུ་རིམ་བཞིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་འབྱོར་རྒྱུ་རེད། དེ་དང་ཆབས་ཅིག་བོད་ལྗོངས་གནོད་སྐྱོན་ཞིབ་དཔྱད་དཔྱད་དཔོག་གི་ལས་སྒོའི་ནུས་པ་མི་འདང་བའི་གནད་དོན་ལ་དམིགས་ནས། གནོད་སྐྱོན་དཔྱད་དཔོག་གི་ཆེད་ལས་ལག་རྩལ་རྐང་འཛིན་པ་གསུམ་དུས་མཚུངས་ས་ཡོམ་གྱི་ཡུལ་དངོས་སུ་མངགས་ནས་གེགས་ཁུལ་གྱི་གནོད་སྐྱོན་ཞིབ་དཔྱད་དཔྱད་དཔོག་ལས་དོན་ལ་རྒྱབ་སྐྱོར་བྱས།

མཚོ་སྔོན་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུ་གཞུང་ལས་ཁང་གིས་ས་ཡོམ་ཁུལ་གྱི་གནོད་འཚེའི་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱས་ནས། བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུ་གཞུང་ལས་ཁང་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཁུལ་ལས་བརྒལ་བའི་ཡོམ་འགོག་གེགས་སེལ་རོགས་སྐྱོར་གྱི་གྲ་སྒྲིག་ནུས་ཤུགས་ཡོད་རྒྱུས་ཡག་པོ་བྱ་རྒྱུ་རེད།     


མཉམ་སྤྱོད།