དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2025ལོའི“ལོ་གསར་ཚོང་ཟོག་དུས་ཆེན”དངོས་སུ་མགོ་བརྩམས་པ།

2025-01-08 11:36:24   |   686

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་སྐྲུན་རྒྱུའི་དམིགས་འབེན་ལ་རོགས་རམ་དང་། “མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་ཕྱིར་གཏོང”དང“ཧྲན་ཏུང་གི་སྤུས་ལེགས་ཐོན་རྫས་མཚོ་སྔོན་དུ་ནང་འདྲེན”བྱེད་པའི་ཐོན་སྐྱེད་ཕྱིར་འཚོང་མཉམ་ལས་བླང་བྱ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཧྲན་ཏུང་དང་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་འཚོང་མཁོ་སྤྲོད་འབྲེལ་ཐག་གི་ཕྱོགས་གཉིས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དཔྱིད་གསར་དུས་ཆེན་རིང་གི་ཚོང་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐང་ཆེད། ཟླ1ཚེས7ཉིན། མཚོ་བྱང་མཁོ་འཚོང་གི“ལོ་གསར་ཚོང་ཟོག་དུས་ཆེན”བྱེད་སྒོ་དངོས་སུ་མགོ་བརྩམས་ཤིང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མཛད་སྒོར་ཞུགས།

01.jpg

གསར་འགོད་པས་བྱེད་སྒོའི་ཡུལ་དངོས་སུ་ཚོང་ཟོག་སྣ་ཁ་སྣ་ཚོགས་ཡོད་ལ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་མང་པོ་ལྟ་སྐོར་དང་ཉོ་བར་ཡོང་ཡོད་པས། ཡུལ་དངོས་ཀྱི་རྣམ་པ་སྤྲོ་སྣང་ཆེ་ལ་འཁྲུག་ཆ་དོད་པོ་ཡོད་པ་མཐོང་ཞིང་། འགྲེམ་འཚོང་གི་ཐོན་རྫས་ལ་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་དཔེར་ན། ལྗང་མདོག་སྐྱེ་ལྡན་ནོར་ལུག་ཤ་དང་ནས་ཀྱི་ཐོན་རྫས། འབྲི་མོའི་འོ་མའི་ཐོན་རྫས། རང་བྱུང་སྦྲང་རྩི། ལོག་དཀར་སྣུམ་སོགས་ཁེ་ལས59ཡི་ཐོན་རྫས་རིགས520ལྷག་ཡོད་ལ། ཧྲན་ཏུང་གི་ཐོན་རྫས་གསར་པའང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི“ལོ་གསར་ཚོང་ཟོག་དུས་ཆེན”ཐོག་ཤ་རིགས་དང་མཚོ་ཟས་རིགས། འབྲས་དང་ཕྱེའི་རིགས། ཤིང་ཏོག་དང་སྔོ་ཚལ་རིགས། ཤིང་ཏོག་སྐམ་པོའི་རིགས། ཀ་རའི་རིགས། སིལ་ཟས་རིགས། ལག་རྟགས་རིགས་སོགས་ཁེ་ལས50ལྷག་གི་ཐོན་རྫས་རིགས300ཙམ་གྱིས་རོང་འབྲོག་མང་ཚོགས་ཀྱིས་གསར་བ་དང་བདེ་ཐང་། ལྗང་མདོག་བཅས་ཀྱི་འཚོ་བ་དོན་གཉེར་བྱེད་པའི་དགོས་མཁོ་བསྐངས་ཡོད། ཡུལ་དངོས་སུ་ད་དུང2018ལོའི“ཀྲུང་གོའི་གླུ་སྐད་ཡག་པོའི”རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མ་གདན་འདྲེན་ཞུས་ནས་ཐད་གཏོང་ཚོང་ཟོག་འཚོང་བཞིན་ཡོད་ལ། དྲ་ཐོག་དང་དྲ་ཕྱི་གཉིས་ནས་མཉམ་དུ་ཚོང་ཟོག་ཕྱིར་འཚོང་བྱེད་ཀྱི་འདུག མདའ་བཞི་བཟོ་ལས་ཆ་འཕྲིན་སྡེ་ཁག་གིས་སྒྲིག་འཛུགས་བྱས་པའི་སྒོར60ཟིན་ན་སྒོར20འཕྲལ་མར་གཅོག་པའི་འཛད་སྤྱོད་འཛིན་ཤོག་འགྲེམ་པའི་ལྷུ་ཚིགས་དེ་ནི་འཛད་སྤྱོད་པར་དྲིན་ལན་གཟོ་པའི་སེམས་དྲོ་བའི་བྱ་སྤྱོད་ཅིག་ཡིན་པས། དེ་གར་ཡོད་པའི་སྐུ་མགྲོན་རྣམས་དགའ་སྤྲོས་ཁེངས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་དེ་དོན་ལ་གནས་པ་དང་ཕན་པ་འདུག་ཅེས་བསྔགས་བརྗོད་བྱས།

མགོ་རྩོམ་མཛད་སྒོ་སྤེལ་རྗེས། ཀརྨ་ཚེ་རིང་གིས་ཡུལ་དངོས་སུ་ཁེ་ལས་ཁག་གི་འགན་འཁུར་མཁན་ལ་འཚམས་འདྲི་གནང་བ་དང་། སྤྱི་ཚོགས་ཁོངས་གཏོགས་ཁེ་ལས་ཁག་དང་ཧྲན་ཏུང་གི་ཁེ་ལས་ཁག་གིས“ལོ་གསར་ཚོང་ཟོག་དུས་ཆེན”བྱེད་སྒོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ད་ཐེངས་ཀྱི་བྱེད་སྒོ་དེས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ལོ་གསར་ཚོང་ཟོག་ཉོ་སྒྲུབ་ཀྱི་སྟེགས་བུ་སྤུས་ལེགས་མཁོ་འདོན་བྱས་པ་དང་། དུས་མཚུངས་ཁེ་ལས་ལ་འགྲེམ་སྟོན་དང་ཁྱབ་སྤེལ་གྱི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི“ལོ་གསར་གྱི་ཚོང་ཟོག་དུས་ཆེན”གོ་སྐབས་སུ་བརྩིས་ནས་དུས་ཚོད་དམ་འཛིན་དང་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་རང་ཡུལ་གྱི་ཐོན་རྫས་ཁྱབ་གདལ་གཏོང་བ་དང་། ཚོང་ཟོག་འགྲེམ་སྟོན་དང་གཅིག་སྡུད་ཕྱིར་འཚོང་། མང་ཚོགས་འཛད་སྤྱོད་བཅས་ཀྱི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། “མཁོ་འཚོང་སྤུས་རྟགས”འཛུགས་སྐྱོང་བྱ་རྒྱུར་ཁ་དོག་གསར་བ་སྣོན་དགོས་ཚུལ་བསྟན།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། མཁོ་འཚོང་གིས་སྣེ་ཁྲིད་པ། ཁེ་ལས་ཀྱིས་རམ་འདེགས་བྱས་པ་བཅས་བརྒྱུད། དེའི་དམིགས་ཡུལ་ནི“ལོ་གསར་ཚོང་ཟོག་དུས་ཆེན”གྱི་སྟེགས་བུ་དེ་བསྐྲུན་ནས། ཞིང་ལས་ཐོན་རྫས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་རོང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། མཁོ་འཚོང་གི“ལོ་གསར་ཚོང་ཟོག་དུས་ཆེན”ཟླ1ཚེས9ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། བྲིན་ཚོང་བྱེད་སྒོ་དང་མཉམ་འགུལ་ཉམས་ལེན་བྱེད་སྒོ་མང་པོ་བརྒྱུད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་སྤྲོ་སྣང་དང་ཞི་ལྷོད་ལྡན་པའི་ཁོར་ཡུག་ཁྲོད་དཔྱིད་གསར་གསར་སླེབས་པར་བསུ་བ་བྱ་རྒྱུ་རེད།


མཉམ་སྤྱོད།