དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན།

2025-01-07 17:44:27   |   705

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་། 


བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་དོ་དམ་དང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། 

01.jpg

ཟླ1པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཞུའེ་རེན་གྱིས་པར་བླངས། 

ཤིན་ཧྭ་གསར་འགྱུར་ཁང་། པེ་ཅིང་། ཟླ1པའི་ཚེས6ཉིན་གྱི་གློག་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་ནས་བཟུང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྐུལ་འདེད་གཏོང་ཤུགས་སྔར་བྱུང་མྱོང་མེད་པ་དང་ཕན་འབྲས་ཀྱང་ཚང་མས་མཐོང་ཐུབ་པ་ཡིན། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་གནས་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཕྱི་བཤོལ་ཅི་ཡང་མེད་པར་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་གིས་སྐུལ་འདེད་གཏོང་བ་དང་། འགག་སྒྲོལ་དང་ཡུན་རིང། སྤྱི་ཁྱབ་བཅས་ཀྱི་དམག་འཁྲུག་འདི་བློ་བརྟན་འགྱུར་མེད་ཀྱིས་ཡག་པོ་རྒྱག་དགོས། 

02.jpg

ཟླ1པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཧོན་ཁྲི་ཡིས་པར་བླངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞིས་ཚོགས་འདུར་གཙོ་སྐྱོང་གནང་། 

03.jpg

ཟླ1པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་། ལི་ཆང་དང་ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡུའེ་ཡུའེ་ཝུའེ་ཡིས་པར་བླངས། 

 ཞི་ཅིན་ཕིང་གིས་བསྟན་དོན། 2024ལོར། ཏང་ཀྲུང་དབྱང་གིས་ཏང་གི་རང་ཉིད་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། འཕེལ་རྒྱས་དང་ཕན་འབྲས་གསར་པ་ཐོབ་ཡོད། ཏང་ཡོངས་ཀྱིས་རང་ཉིད་གསར་བརྗེ་བྱེད་པའི་གནད་དོན་གལ་ཆེན་འདིའི་ཐད་ངོས་འཛིན་སྔར་ལས་གསལ་པོ་དང་བྱ་སྤྱོད་སྔར་ལས་བློ་བརྟན་འགྱུར་མེད་བྱུང་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱི་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་གི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དྲག་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་བྱས། ལམ་ལུགས་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་འཛུགས་སྐྱོང་བྱེད་པ་གཏིང་ཟབ་ཏུ་བཏང་བས། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མགོ་ཁྲིད་ནུས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོ་འཛུགས་སྐྱོང་བྱེད་པའི་སྐུལ་འདེད་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། 

 ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རུལ་སུངས་ནི་ང་ཚོའི་ཏང་ལ་འཕྲད་པའི་འཇིགས་སྐུལ་ཆེ་ཤོས་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཆེས་མཐར་ཕྱིན་གྱི་རང་ཉིད་གསར་བརྗེ་ཞིག་ཡིན། དུས་རབས་གསར་པར་སླེབས་རྗེས། ཏང་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མངོན་གསལ་དོད་པའི་གནད་དོན་མདུན་དུ། ང་ཚོས་རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་། ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་དྭངས་གཙང་བཟོས་ནས། ཏང་གི་སྣང་བརྙན་སྲུང་སྐྱོང་དང་གསར་བརྗེའི་མངའ་ཁོངས་སྲ་བརྟན་དུ་བཏང་ཞིང་། ཏང་གི་ངོ་བོ་མི་འགྱུར་བ་དང་ཁ་མདོག་མི་འགྱུར་བ། ཏང་གཤིས་མི་འགྱུར་བ་བཅས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཐུན་མོང་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་རང་དབང་ཐོབ་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ། སྔར་ཡོད་ཀྱི་རུལ་སུངས་ད་དུང་གཙང་སེལ་བྱས་མེད་ལ། ད་དུང་མུ་མཐུད་དུ་རུལ་སུངས་འབྱུང་བཞིན་ཡོད་པས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྗིད་པོ་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངོས་འཛིན་བྱེད་སྐབས། ངེས་པར་དུ་ལོ་རྒྱུས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་མཐོ་ཚད་ཡོད་དགོས་ལ། ཏང་གི་ལས་འགན་མངོན་འགྱུར་བྱེད་པར་དམིགས་པ་གཏད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སེམས་ཤུགས་ངེས་པར་དུ་བློ་བརྟན་འགྱུར་མེད་བྱེད་དགོས། ཐེ་ཚོམ་དང་གཡོ་འགུལ་དང་། ལྷོད་གཡེང་། ལས་མཐའ་མ་འཁྱོལ་གང་རུང་གིས་མགོ་རྟིང་རང་བཞིན་གྱི་ནོར་འཁྲུལ་འབྱུང་སྲིད། ངོས་འཛིན་གྱི་ནོར་འཁྲུལ་སྣ་ཚོགས་མཐའ་གཅིག་ཏུ་དག་འབུད་དང་བསམ་བློའི་སྨུག་རྡུལ་དྭངས་བར་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་གཏོང་དགོས། 

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་འགྲུལ་བཞུད་གསར་པའི་ནང་ངེས་པར་དུ་བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་དོ་དམ་དང་ཏང་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་ཕན་འབྲས་དེ་བས་ཆེ་བ་ཡོང་བར་འབད་བརྩོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་དང་། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱས་ནས། ཀྲུང་གོ་རྣམ་པའི་དེང་རབས་ཅན་དེ་གོམ་སྟབས་བརྟན་པོའི་སྒོ་ནས་མ་འོངས་པའི་ལམ་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས། 

 ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ལྟ་སྐུལ་དེ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་ལྡན་ཅན་དུ་སྐུལ་འདེད་དང། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱེད་པ་དེ་ཁ་བཤད་དོན་དུ་གནས་པར་བྱེད་དགོས། བསམ་བློའི་ཐད་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་རིག་གཞུང་གི་དྲག་ཆས་སྤྲོས་པ་དང་། ཏང་ཀྲུང་དབྱང་གིས་རང་ས་ཁུལ་དང་རང་སྡེ་ཁག རང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་འབེན་ངེས་གནས་དང་བཀོད་སྒྲིག་བླང་བྱ་ཡང་དག་པའི་ངང་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གཅིག་མཐུན་ཡོང་བར་འགན་ལེན་བྱ་དགོས། ཆབ་སྲིད་ཐད་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་མགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་སྲུང་བྱས་ཏེ། “ཡོད་པ་བདུན” མཐའ་གཅིག་ཏུ་གཏན་འགོག་དང་ཁ་ཞེ་གཅིག་མཐུན་དང་བཀའ་སྤྱོད་བཀག་འགོག་འགན་ལེན་བྱ་དགོས། བྱ་སྤྱོད་ཐད་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ལྟ་སྐུལ་གྱི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། བསྒྱུར་བཅོས་འགག་སྒྲོལ་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་དེ་གཞན་ལ་སྒྲིག་ཁྲིམས་བཤད་པ་ནས་རང་གིས་སྒྲིག་ཁྲིམས་སྲུང་པ་དང་། རྒྱུན་ལྡན་གྱི་བྱ་བྱེད་དུ་གོམས་ལོབས་སུ་འགྱུར་བར་བྱེད་དགོས། རྒྱུན་ལྡན་ཅན་དང་ཡུན་རིང་ཅན་གྱི་སྒྲིག་ཁྲིམས་སློབ་གསོའི་རྐྱེན་སྲོལ་བཙུགས་ནས་སྒྲིག་ཁྲིམས་སློབ་གསོ་དེ་ལས་བྱེད་པ་འཚར་ལོངས་ཀྱི་གོ་རིམ་ཧྲིལ་པོར་ཁྱབ་པ་དང་རྩ་འཛུགས་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཡོང་བ་བྱ་དགོས། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང“རྣམ་པ་བཞི”ཡང་དག་པའི་སྒོ་ནས་བེད་སྤྱོད་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ་ལས་མ་ཉེས་ཁ་གཡོག་དང་ངན་རེངས་རྒྱུན་འབྱམས་མི་བྱེད་པར་སྔ་ས་ནས་དམ་འཛིན་བྱས་ཏེ། དོ་དམ་ནན་པོ་དང་བྱ་བའི་ཁག་འཁུར་བར་སྐུལ་ལྕག་བྱ་རྒྱུ་ཟུང་འབྲེལ་བྱས་ནས། ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཁྲོད་བསྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་བྱེད་དུ་འཇུག་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་བཟོད་སྒོམ་གཏན་ནས་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བརྩི་སྲུང་དང་། ཁྲིམས་འགལ་སྒྲིག་འགལ་བ་དང་ངོ་བོ་འགྱུར་བའི“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་ནན་པོ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པའི་དམིགས་བསལ་གྱི་བསམ་བློ་དང་དམིགས་བསལ་གྱི་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་བཏང་སྟེ། དབང་ཆའི་ལྟ་བ་དང་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་ཡང་དག་པ་ཞིག་འཛུགས་དགོས། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གལ་ཆེའི་གནད་དོན་དང་གནད་ཆེའི་ཁྱབ་ཁོངས། གཙོ་གནད་བྱ་ཡུལ་བཅས་ལ་གཙོ་གནད་ཐོག་དམ་འཛིན་དང་ཞིབ་བཤེར་ཤུགས་ཆེན་བྱེད་པ། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ་མཉམ་དུ་ཞིབ་བཤེར་གཏིང་ཟབ་བྱས་ཏེ། མ་ལག་རང་བཞིན་གྱི་རུལ་སུངས་ཀྱི་ཉེན་ཁའི་མངོན་མེད་ཉེན་ཁ་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས། གྱོད་གཞིར་བརྟེན་ནས་བསྒྱུར་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་ཤུགས་སྣོན་རྒྱག་པ་དང་། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་འགོག་བཅོས་བྱེད་ཐབས་ནུས་ལྡན་དང་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་དགོས། སྒྲིག་བརྩི་ཁྲིམས་སྲུང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་དང་སྤྱོད་ཚུལ་ངན་པ་བསྣོལ་མར་ཡོད་པའི་གནད་དོན་མཉམ་དུ་ཞིབ་བཤེར་དང་། རུལ་སུངས་དང་སྤྱོད་ཚུལ་ངན་པའི་ཐུན་མོང་གི་འབྱུང་ཁུངས་མཉམ་བཅོས་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཟུགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཆེ་རུ་གཏོང་དགོས། ཏང་ཨུས་རང་འགུལ་ངང་དམ་འཛིན་དང་རང་འགུལ་ངང་དོ་དམ་བྱེད་དགོས་པ་དང་། སྒྲིག་ཁྲིམས་ཨུ་ལྷན་གྱིས་ཆེད་འགན་ལྟ་སྐུལ་ལེགས་པར་བསྒྲུབ་དགོས། འགན་འཁྲི་གཙོ་བོར་དམིགས་ཏེ་ལས་སྒོ་གཙོ་བོ་ལེགས་པར་བསྒྲུབ་དགོས་པ་དང་། འགན་འཁྲི་གཙོ་གཟུགས་ཁག་ཚང་མས་འགན་འཁྲི་ཤེས་པ་དང་འགན་འཁྲི་འཁུར་བ། འགན་འཁྲི་བསྒྲུབ་པ་བཅས་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་རྐྱེན་སྲོལ་ལེགས་སུ་བཏང་ནས། འགན་འཁྲི་ཤོར་བ་དང་འགན་འཁྲི་ཤོར་བར་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་འགན་འཁྲི་བདའ་འདེད་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཏང་ཨུའི་རིམ་པ་ཁག་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་གི་ཏང་ཨུས་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱུན་རྣམ་ཅན་དུ་དམ་འཛིན་བྱས་ཏེ་མི་སེར་རྣམས་ཀྱིས་ཚོར་ཐུབ་པ་བྱེད་དགོས། གཞི་རིམ་གྱི་ལྟ་སྐུལ་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དེ་གཞི་རིམ་གྱི་སྐོར་ཞིབ་དང་ཟུང་འབྲེལ་བྱེད་པ་དང་། ཕྱོགས་ཁག་གི་ལྟ་སྐུལ་དང་གཅིག་གྱུར་འཆར་འགོད་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱེད་པ་ཡིས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་ཡུན་རིང་ཕན་ནུས་ལྡན་པའི་རྐྱེན་སྲོལ་དོན་འཁྱོལ་བྱས་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་དོན་འཁྱོལ་དམ་འཛིན་བྱེད་པའི་ནུས་ཤུགས་དེ་བས་མང་བ་ལྡན་དུ་འཇུག་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཏང་དང་མི་དམངས་ཀྱིས་དཔུང་ཁག་དེར་ཡིད་ཆེས་གང་ལེགས་དང་རེ་སྒུག་གིས་ཁེངས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དབང་ཆ་སྤྲོད་པ་དང་དབང་ཆ་ཚོད་འཛིན་བྱེད་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དབང་ཆ་དེ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། སྒྲིག་བརྩི་ཁྲིམས་སྲུང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། ལྕགས་བརྡུང་པར་ངེས་པར་དུ་རང་ཉིད་ལ་སྟོབས་ཡོད་དགོས་པ་མཐའ་འཁྱོངས་དང་། དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་བ། བློ་དཀར་བ་དང་སྤྱོད་ཚུལ་ལེགས་པ། འགན་འཁུར་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལྕགས་ལྟར་སྲ་བའི་དཔུང་སྡེ་འཛུགས་དགོས། 

ལི་ཞིས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་པའི་ལོ་གཅིག་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཁས་ལེན་གང་ལེགས་བྱས་པ་དང་། ལོ་རྒྱུས་ཀྱི་མིག་རྒྱང་མཐོན་པོའི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པ། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་གནད་སྒྲུབ་ཐབས་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། གསུངས་བཤད་དེ་ལངས་གནས་མཐོ་བ་དང་མ་འོངས་པར་བསམ་གཞིགས་ཡོད་པ། བསམ་བློ་གཏིང་ཟབ་ཅིང་། གནད་དོན་ལ་ཐད་ཀར་གདོང་གཏད་ཡོད་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་གཞི་འཛིན་གལ་ཆེན་འདོན་སྤྲོད་བྱས་ཡོད།  ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། ཡིད་ཆེས་བརྟན་དུ་གཏོང་བ་དང་འཐབ་རྩོད་བྱེད་ཕོད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཐའ་གཅིག་ཏུ་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས། 

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་། མི་དམངས་ཚོགས་པ་ཁག དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུའི་ནང་ཞུགས། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཡན་ལག་ཚོགས་ཁང་བཙུགས་ཡོད། 

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ1པའི་ཚེས6ཉིན་པེ་ཅིང་དུ་འཚོགས་པ་དང་།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུར་གཙོ་སྐྱོང་བྱས། ཚེས6ཉིན་གྱི་ཕྱི་དྲོར། ལི་ཞིས་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས》ཞེས་པའི་ལས་དོན་སྙན་ཞུ་ཕུལ།


མཉམ་སྤྱོད།