དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཉིང་རྡུལ་མཁར་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ།

2023-01-01 18:57:04   |   191

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ། 


གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་པེ་ཅིང་ཞིན་ཀྲི་འཚོལ་ཞིབ་རིག་གནས་འཕེལ་རྒྱས་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཚོ་སྔོན་ཉིང་རྡུལ་མཁར་གྲོང་དུ་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་འཆར་གཞིའི་ལས་གཞིའི་ཐད་ནས་མཉམ་ལས་ཀྱི་འདོད་བློ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེས་མཐུན་སྦྱོར་འཕེལ་རྒྱས་དང་འཁོར་རྒྱུག་ཁྲིད་ཕྱོགས། སྤྱི་དམངས་ཟབ་ཞུགས་བྱེད་པ་བཅས་སྤྱིའི་འཐབ་ཇུས་སུ་བྱས་པ་དང་། མདེལ་གཉིས་སྐར་གཅིག་བཟོ་སྐྲུན་གྱི་ཚན་རྩལ་ཁྱབ་ཁོངས་ཀྱི་སྲོག་ཤིང་རིན་ཐང་སྔོག་འདོན་དང་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞི་ལས་གཞིའི་ཐོག་རིམ་སྒྲོམ་གཞིའི་ཇུས་འགོད་ཕྱིར་བཏོན་པ་མ་ཟད། བྲག་ལེབ་ཆེན་པོ་གསུམ་གྱི་ཐོག་མའི་ཇུས་འགོད་འཆར་གཞི་ཡོངས་འགྲུབ་བྱས། ལས་གཞི་ཡིས་མདེལ་གཉིས་སྐར་གཅིག་དགོངས་པའི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཇེ་བརྟན་དུ་གཏོང་བ། ཚན་རིག་འཚོལ་ཞིབ་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱལ་སྲུང་གི་གྲུབ་འབྲས་ཆེན་པོ་འགྲེམ་སྟོན་བྱེད་པ་དང་ཚན་རྩལ་རང་རྟོན་འཛུགས་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་ཐུབ། ཞིང་ཆེན་ཚན་རྩལ་ཐིན་གྱིས་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞིའི་ཡིག་ཐོག་སྙན་ཞུ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ད་ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཉམ་དུ་མཚོ་སྔོན་ཉིང་རྡུལ་མཁར་དུ་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཡིག་ཐོག་སྙན་ཞུ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཚོ་སྔོན་ཉིང་རྡུལ་མཁར་དུ་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་འཆར་འགོད་ཇུས་གཞི་གྲུབ་པར་བྱས་པར་མ་ཟད། ཚན་རྩལ་པུའུ་ལ་མཚོ་སྔོན་ཉིང་རྡུལ་མཁར་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞིའི་ཡིག་ཐོག་སྙན་ཞུ་ཕུལ་ལ། མཚོ་སྔོན་གྱི་ཉིང་རྡུལ་མཁར་རྒྱལ་ཁབ་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། དཔེ་སྟོན་རྟེན་གཞི་ལ་རྒྱབ་བརྟེན་ནས་རིགས་མི་འདྲ་བའི་ཚན་རྩལ་འཇོན་མི་སྣ་ཚོགས་ཚན་རིག་པའི་སྙིང་སྟོབས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ལ་ཞུགས་པར་རྩ་འཛུགས་བྱས་ཏེ། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཆབ་སྲིད་སྟེང་ནས་སྦྱོང་བརྡར་བྱེད་པ་དང་བསམ་བློའི་སྟེང་ནས་སྦྱོང་བརྡར་བྱེད་པ། སྙིང་སྟོབས་སྟེང་ནས་སྐུལ་སློང་བྱེད་པ། འགན་འཁྲིའི་སྟེང་ནས་ཇེ་དྲག་ཏུ་གཏོང་ཐུབ་པར་བྱས་པ་དང་། སྤྱི་དམངས་ཀྱིས་ཚན་རིག་གི་སྙིང་སྟོབས་འཚོལ་ཞིབ་བྱེད་པར་སྐུལ་སློང་བྱས་ལ། སྤྱི་དམངས་ཀྱི་ཚན་རིག་རིག་གནས་བློ་སྦྱོང་མཐོར་འདེགས་སུ་བཏང་།


མཉམ་སྤྱོད།