དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་དང་ཙུང་ལི་ཡིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་ལོ་གསར་ལ་རྟེན་འབྲེལ་ཞུས།

2023-01-01 18:49:05   |   190

རྩོམ་སྒྲིག  སངས་དོན།        ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།       ལོ་ཙཱ། བན་དེ་སྐྱབས།


2022ལོའི་ཟླ12པའི31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས། ལོ་སར་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ། ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས།  ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། རྒྱལ་སྤྱིའི་གནས་བབ་ལ་མྱུར་དུ་འགྱུར་ལྡོག་བྱུང་བ་དང་རྒྱུན་མཐུད་ངང་ཁྱབ་པའི་འཛམ་གླིང་གི་རིམས་ནད་ཀྱི་མདུན་དུ། ཀྲུང་ཨུའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ཉིས་སྟོང་ཉེར་གཉིས་ལོར། ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ནུས་ཁུངས་དང་དངུལ་གཏོང་། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་ནས། རྒྱལ་ཁབ་གཉིས་ཀ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨུ་རུ་སིའི་ལུས་རྩལ་བརྗེ་རེས་ལོ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། རྒྱལ་ཁབ་གཉིས་ཀའི་མང་ཚོགས་བར་ཕན་ཚུན་རྒྱུས་ལོན་བྱེད་ཚད་དང་སྲོལ་རྒྱུན་གྱི་མཛའ་མཐུན་སྔར་ལས་ཇེ་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སླེབས་ལ་ཉེ་བའི་ཉིས་སྟོང་ཉེར་གསུམ་ལོ་ནི། ཀྲུང་གོས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་རྩོམ་པའི་ལོ་ཞིག་ཡིན་པ་དང་། ཀྲུང་ཨུའི་འབྲེལ་བ་ལའང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འབྱུང་ངེས་ཡིན། ངས་ཙུང་ཐུང་ཕུའུ་ཅིན་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པ་དང་། མཛའ་གྲོགས་ལྟ་བུའི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས། ཕུའུ་ཅིན་གྱིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་མུ་མཐུད་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་མངོན་པ་དང་། ཕྱི་ཕྱོགས་འགྲན་སློང་གི་ཚོད་བགམ་ཅི་རིགས་ཐེག་ཐུབ་ཡོད། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་གླེང་མོལ་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཕྱོགས་གཉིས་ཀའི་ཉོ་ཚོང་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ། ས་ཁོངས་ལས་བརྒལ་བའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ལས་གཞི་གལ་ཆེན་བསྐྲུན་ཡོད། ཨུ་རུ་སི་དང་ཀྲུང་གོའི་བར་གྱི་ལུས་རྩལ་བརྗེ་རེས་ལོ་བདེ་བླག་ངང་སྤེལ་ནས། ཕྱོགས་གཉིས་ཀའི་མི་ཆོས་རིག་གནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་མཉམ་ལས་སྔར་ལས་མཐོ་བའི་ཆུ་ཚད་གསར་པ་ཞིག་ཏུ་ཇེ་མཐོར་བཏང་ནས། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མིས་ཧྲུའུ་ཟི་ཅིན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ལོ་སར་ལ་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་། མི་ཆོས་རིག་གནས་བརྗེ་རེས་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་སྤྱི་ཚོགས་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ཕྱོགས་གཉིས་ཀས་ཀྲུང་ཨུའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བདུན་པ་བདེ་བླག་ངང་སྤེལ་ནས་ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཙུང་ལི་མིས་ཧྲུའུ་ཟི་ཅིན་དང་མཉམ་དུ་འབྲེལ་གཏུག་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། མིས་ཧྲུའུ་ཟི་ཅིན་གྱིས་ཨུ་ཀྲུང་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཡོད། རྒྱལ་ཁབ་གཉིས་ཀའི་ཙུང་ལིའི་དུས་བཅད་ཐུག་འཕྲད་སྒྲོམ་གཞིའི་འོག་ཏུ། ཐུན་མོང་གི་ངོས་འཛིན་གལ་ཆེན་གང་མང་བྱུང་བ་དེ། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་སྔར་ལས་ཇེ་ཆེར་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་བསྟན།


མཉམ་སྤྱོད།