དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ཉེར་དྲུག་པ་འཚོགས་པ།

2025-01-16 15:49:24   |   370

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པའི་ཚེས15ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ཉེར་དྲུག་པ་འཚོགས།   ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་བདུན་ཅུ་དང་། མ་ཁྲེང་ཀུའེ།  ལི་ཞུས་ཀྲེན། བན་བཀྲ་ཤིས་དོན་འགྲུབ། ཝང་ཞིན་ཧུའེ་དང་དེ་བཞིན་དྲུང་ཆེ་དང་ཨུ་ཡོན་བཅས་ཁྱོན་མི21ཚོགས་འདུར་ཞུགས། ཚོགས་ཞུགས་མི་གྲངས་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། ལི་ཞུས་ཀྲེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

1.jpg

ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་གོ་ལྔ་ནས་བརྒྱ་དང་བཞིའི་བར་སློབ་སྦྱོང་བྱས་པ་དང་། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུའི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དྲུག་པ་འཚོག་རྒྱུའི་ཆོད་དོན་(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་དང་།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པར་ཞུགས་མཁན་གྱི་འཐུས་མི་རེ་འགའི་ཐོབ་ཐང་འགྱུར་ལྡོག་སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དྲུག་པའི་ཟུར་ཞུགས་མི་སྣའི་གྲོས་མགོའི་མིང་ཐོ། གྲོས་མགོའི་གྲོས་རིམ། ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་གྲོས་མགོའི་མིང་ཐོ། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ལས་རིམ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་མགོའི་མིང་ཐོ། ལག་བསྟར་ཀྲུའུ་ཞིའི་གྲོས་མགོའི་མིང་ཐོ། དྲུང་ཆེ་གཞོན་པའི་གྲོས་མགོའི་མིང་ཐོ།  ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གསན་པ་དང་གྲོས་ཞིབ་གནང་།

2.jpg

ཚོགས་འདུའི་ཐོག་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དྲུག་པ་འཚོག་རྒྱུའི་ཆོད་དོན་(འཆར་ཟིན)》དང་དེ་བཞིན་འབྲེལ་ཡོད་མི་དོན་བསྐོ་གཞག་དང་ཕྱིར་འཐེན་གྱི་དོན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གསར་དུ་བསྐོ་གཞག་བྱས་པའི་ལས་དོན་མི་སྣར་བསྐོ་གཞག་ཡི་གེ་སྤྲད་པ་མ་ཟད། རྩ་ཁྲིམས་དམ་བཅའ་འབུལ་བའི་མཛད་སྒོ་ཡང་འཚོགས།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མ་ཝུན་ཆོན་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁྲེན་ཡུང་ཅེ་སོགས་ཚོགས་འདུར་ཟུར་ཞུགས་གནང་།   


མཉམ་སྤྱོད།