དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་ཧན་ཀྲེང་ཨ་རིའི་ཙུང་ཐུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་རེད།

2025-01-17 09:23:32   |   274

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚེས17ཉིན་ཁྱབ་བསྒྲགས་བྱས་དོན། ཨ་རི་ཕྱོགས་ཀྱི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་སྟེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཕེབས་ཏེ་ཟླ1པའི་ཚེས20ཉིན་འཚོག་རྒྱུ་ཡིན་པའི་ཙུང་ཐུང་ཁྲོམ་ཕུའི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་རེད།  

ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ངོས་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད། ང་ཚོས་ཨ་རིའི་སྲིད་གཞུང་གསར་པ་དང་གླེང་མོལ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་མཐུན་པའི་ཕྱོགས་ལ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རིའི་ཡང་དག་པའི་འབྲེལ་འདྲིས་ཀྱི་ལམ་བུ་ཞིག་གཏོད་འདོད་ཡོད་ཅེས་བཤད།    


མཉམ་སྤྱོད།