དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིན་ཧྭ་གསར་འགྱུར་ཁང་གིས2022ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་བདམས་པ།

2023-01-04 09:47:40   |   136

རྩོམ་སྒྲིག   སངས་དོན།  ཡོང་ཁུངས།  ཞིན་ཧྭ་གསར་འགྱུར་དྲ་བ།    ལོ་ཙཱ།  གཡང་འབུམ་རྒྱལ།


གཅིག པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ལ་སྐུལ་མ་ཐེབས་པ།

ཟླ2ཚེས4ཉིན་ནས་ཚེས20ཉིན་བར་དང་ཟླ3ཚེས4ནས13ཉིན་བར། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་དང་སྐབས་བཅུ་གསུམ་པའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གཉིས་སྔ་རྗེས་སུ་པེ་ཅིན་དུ་ཚོགས་པ་རེད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་མཁྲེགས་གཏོར་དཀའ་སེལ་བྱས་ཤིང་། པྲོག་གསར་གློ་ཚད་རིམས་ནད་སོགས་ཀྱི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ཏེ།  ཀྲུང་གོས་འཛམ་གླིང་ལ་སྟབས་བདེ་དང་བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཕུལ་བས། པེ་ཅིན་འདི་ཉིད་འཛམ་གླིང་སྟེང“ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་གྲོང་ཁྱེར”དང་པོར་གྱུར་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ལུས་རྩལ་པ་དང་རྩལ་འཁྲིད་པས་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བསྐྲུན་ཡོད། ཟླ4ཚེས8ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་ཆེ་ཕྱོགས་སེམས་ལ་བཅངས་པ་དང་རང་རྟོན་སྒོ་འབྱེད། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། ཕུལ་བྱུང་བརྩོན་ལེན་བྱེད་པ། མ་འོངས་མཉམ་དུ་གཏོད་པ་བཅས་ཀྱི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་རྒྱས་བཤད་ཟབ་མོ་གནང་།

གཉིས།  ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ།

ཟླ7ཚེས1ཉིན། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་དེ་ཞང་ཀང་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལོ25ཡི་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཞང་ཀང་དུ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་པ་དང་། ཞང་ཀང་དུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཕུན་སུམ་ཚོགས་པའི་ལག་ལེན་ཁྲོད་རྩ་ཆེའི་ཉམས་མྱོང་བསགས་ཡོད་ལ་བློ་སྒོ་ཟབ་མོ་ཡང་ཕྱེས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལག་ལེན་གྱི་སྟེང་ནས་ཞིབ་བཤེར་ཡང་ཡང་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཞང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པ། མེས་རྒྱལ་གྱི་མི་དམངས་དུང་ཕྱུར14ལྷག་ཙམ་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ།  ཞང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ཀྱིས་ཀྱང་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡོངས་ཁྱབ་ཏུ་མོས་མཐུན་བྱེད་བཞིན་ཡོད། ལམ་ལུགས་བཟང་པོ་འདི་འདྲར་འགྱུར་བ་གཏོང་བའི་རྒྱུ་མཚན་གང་ཡང་མེད་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་གསུངས།

གསུམ། “ཐའེ་ཝན་རང་བཙན”ཁ་བྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་པ།

ཟླ8ཚེས2ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པར་མི་བལྟོས་པར་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཚམས་འདྲིར་བསྐྱོད་པར་དམིགས་ནས། ཕྱི་འབྲེལ་པུའུ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་། རྒྱལ་སྲུང་པུའུ་བཅས་ཀྱི་གསར་འགྱུར་མགྲིན་ཚབ་པ་སོ་སོས་གསལ་བསྒྲགས་སམ་ཡང་ན་གཏམ་བཤད་སྤེལ་ནས། ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། ཉིན་དེའི་དགོང་མོ་ནས་བཟུང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་ཐའེ་ཏའོ་གླིང་ཕྲན་གྱི་ཉེ་འཁོར་དུ་མཉམ་འབྲེལ་དམག་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་རེད། ཟླ8ཚེས5ཉིན།  ཕྱི་འབྲེལ་པུའུ་ཡིས་ཕེ་ལུའོ་ཞི་དང་དེའི་ཐད་ཀའི་གཉེན་ཚན་ལ་བཀག་སྡོམ་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ་ཨ་རིའི་ཕྱོགས་ལ་རྒོལ་ཐབས་བརྒྱད་སྤྱད་པ་རེད། ཟླ8ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་དབང་ཆར་བརྟེན་ནས་རྩིས་ཁྲའི་ནང་བཅུག་པའི“ཐའེ་ཝན་རང་བཙན”གྱི་ངན་རེངས་མི་སྣ་ཁག་ཅིག་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

བཞི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པ།

ཟླ10བའི་ཚེས16ནས་ཚེས22བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་དུ་ཚོགས། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལས། འདས་ཟིན་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་དང་།  མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་གཏོད་པ། ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གནང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་ཇུས་འགོད་བྱས་པ་དེ་ནི། ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་བཅས་ཀྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཚོགས་ཆེན་སྟེང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། ཟླ10ཚེས23ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་། བློ་མཐུན་ཞི་ཅིན་ཕིང་མུ་མཐུད་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས།

ལྔ།  ཀྲུང་གོའི་བར་སྣང་ས་ཚིགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

ཟླ11ཚེས1ཉིན་གྱི་དུས་ཚོད4དང་སྐར་མ27སྟེང་།  ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཚན་རིག་ཚོད་ལྟའི་གྲུ་ཚང་གཉིས་པ་སྟེ་མིན་ཐེན་ཚོད་ལྟའི་གྲུ་ཚང་དེ་སྔོན་དུ་འཕེན་གཏོང་བྱས་པའི་གནམ་དང་ལྟེ་བའི་གྲུ་ཚང་དང་གནད་འཁེལ་འབྲེལ་མཐུད་བྱེད་ཐུབ་པར་གྱུར་བ་དང་།  དེའི་རྗེས་སུ་མིན་ཐེན་ཚོད་ལྟའི་གྲུ་ཚང་ཆུ་ཚད་ཀྱི་ཁ་ཕྱོགས་བསྒྱུར་ནས་གནམ་དང་ལྟེ་བའི་གྲུ་ཁ་དང་མཁའ་དབྱིངས་ཀྱི་ཚོད་ལྟའི་གྲུ་ཚང་དང“T”ཡིག་གི་གཟུགས་སུ་གྲུབ་ཡོད་པ་རེད། ཟླ11པའི་ཚེས30ཉིན་གྱི་ཞོགས་པར། ལྷ་གྲུ་བཅུ་བཞི་པའི་རུ་ཁག་གི་འཇིག་རྟེན་འཕུར་སྐྱོད་པ་ཁྲིན་ཏུང་དང་ལིག་དབྱང་། ཚའེ་ཞུའུ་ཀྲིག་བཅས་ལྷ་གྲུ་བཅོ་ལྔ་པའི་རུ་ཁག་གི་འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅོན་ལུང་དང་ཏིན་ཆིན་མེན། ཀྲང་ལུའུ་བཅས་འཇིག་རྟེན་འཕུར་སྐྱོད་པ6དང་མཉམ་དུ་བར་སྣང་དུ་རྒྱལ་ཁའི་ངང་ལྷན་འཛོམས་བྱུང་བ་དང་། ཟླ12ཚེས2ཉིན་གྱི་དགོང་མོ། ལྷ་གྲུ་ཨང་བཅུ་བཞི་པའི་ཚན་ཆུང་དང་ལྷ་གྲུ་ཨང་བཅོ་ལྔ་པའི་ཚན་ཆུང་གིས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྡེ་མིག་སྤྲད་དེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་སྟེང་གི་འཁོར་ལམ་ཐོག་གི་རྩིས་སྤྲོད་རྩིས་ལེན་ཐེངས་དང་པོ་ལེགས་འགྲུབ་བྱས་པ་དང་།  ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་ཡུན་རིང་བཅའ་སྡོད་བྱེད་མཁན་གྱི་རྣམ་པའི་ཐོག་ནས་དངོས་སུ་སྤྱོད་མགོ་ཚུགས་པ་རེད། ཀྲུང་གོའི་བར་སྣང་ས་ཚིགས་ནི་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་ཞིག་ཡིན་པ་དང་།  གཞི་ཁྱོན་དེ་ལས་ཆེ་བའི་བར་སྣང་ཞིབ་འཇུག་ཚོད་ལྟ་དང་ལག་རྩལ་གསར་པ་ཚོད་ལྟ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

དྲུག     གཙོ་བདག་ཕྱི་འབྲེལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་སྣེ་ཁྲིད་བྱས་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་པ།

ཟླ11ཚེས14ཉིན་ནས་ཚེས19ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་མགོ་ཁྲིད་པའི་རྩེ་ཚོགས་དང་ཐེ་གོའི་མན་གུའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སུ་ཞུགས་ཤིང་དེ་དང་མཉམ་དུ་དུ་ཐེ་གོ་རྒྱལ་ཁབ་ལ་འཚམས་འདྲི་མཛད་པར་མ་ཟད། དེའི་རིང་ཨ་རིའི་ཙུང་ཐུང་པའེ་ཏིན་དང་ལོ་གསུམ་གྱི་རིང་དུ་ཀྲུང་གོ་དང་ཨ་རའི་གཙོ་བདག་གི་ཐུག་འཕྲད་ཐེངས་དང་པོ་བྱས་པ་རེད། ད་ལོ་ནས་བཟུང་།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་བདག་གི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་སྤེལ། ཟླ2པའི“དགུན་དུས་ཨོ་རྩལ་འགྲན་ཚོགས་གདན་ཞུ”དང་“དཔྱིད་གསར་དུས་ཆེན་གྱི་འདུ་ཚོགས”ནས་ཟླ6པར་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་བར་དང་།  ཟླ9པར་ཨེ་ཤེ་ཡ་དབུས་མར་ཕེབས་པ་ནས་ཟླ11པར་ཨེ་ཤེ་ཡ་ཤར་ལྷོའི་མཚམས་སུ་ཕེབས་པ་དང་། ཟླ12པར་དབུས་ཤར་དུ་ཕེབས་པ་སོགས་གཙོ་བདག་གི་ཕྱི་འབྲེལ་ཁྲིད་སྟོན་འོག  ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་བསྣན་ཡོད།

བདུན།  དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ།

ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《མི་སྒེར་གྱི་རྒན་གསོའི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། ཟླ11ཚེས25ཉིན། མི་སྒེར་གྱི་རྒན་གསོའི་མ་དངུལ་གྱི་ལམ་ལུགས་དེ་གྲོང་ཁྱེར་དང་ས་ཁུལ36ཏུ་སྔོན་ལ་ལག་བསྟར་བྱས་པ་རེད། ད་ལོ་ནས་བཟུང་རིམས་ནད་བྱུང་ཚུལ་མང་དུ་ཐོན་པ་དང་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ལ་དམིགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་སྟེ། བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་དམངས་འཚོའི་བདེ་སྐྱིད་མུ་མཐུད་ཆེ་རུ་གཏོང་བ་དང་དམངས་འཚོའི་མཐའ་ཚད་བརྟན་པོ་ཡོང་བ་བྱས་ཡོད། ལས་འཁྱུར་ངལ་གསོའི་མི་སྣའི་མ་མཐའི་རྒན་གསོ་འཚོ་བའི་མ་དངུལ་སླར་ཡང་བརྒྱ་ཆའི4སྤར་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་དང་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དང་མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཆ་སྙོམས་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་མཐོ་རུ་བཏང་ཡོད། རང་རྒྱལ་གྱི་ལས་ཞུགས་དང་དངོས་ཟོག་གི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་གཉེར་གཞི་ཁྱོན་མི་བྱེ་བ་གསུམ་དང་ས་ཡ་གཉིས་ལྷག་ཙམ་ཟིན་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་ཐུབ་ཡོད།

བརྒྱད། སྐྱོ་གདུང་ཆེན་པོས་གུས་པར་འོས་པའི་བློ་མཐུན་ཅང་ཙེ་མེན་ལགས་ལ་མྱ་ངན་ཞུས་པ།

ཟླ11ཚེས30ཉིན། རང་རེའི་ཏང་དང་རང་རེའི་དམག་དཔུང་།  རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀུན་གྱིས་ཁས་ལེན་པའི་བླ་ན་མེད་ཅིང་སྙན་གྲགས་ལྡན་པའི་མགོ་ཁྲིད་མི་སྣ་དང་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེབས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་མགོ་ཁྲིད་པ། ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་བྱེད་མཁན་གཙོ་བོ་བློ་མཐུན་ཅང་ཙེ་མེན་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ96རེད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སེམས་སྡུག་ཆེན་པོས་མནར་ཞིང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་མྱ་ངན་ཞུས། ཟླ12ཚེས6ཉིན་གྱི་སྔ་དྲོར། བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་དེ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱ་ངན་ཞུ་ཚིག་ཕུལ་བ་རེད།

དགུ།   ཀྲུང་གོའི་དཔལ་འབྱོར་བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བརྩོན་ལེན་བྱས་པ།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འབད་འབུངས་མདུན་སྐྱོད་བྱས་པས།  རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡོམས་འབོར་དེ་དུས་མཉམ་ལས3%འཕར་བ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་དཔལ་འབྱོར་བསྡོམས་འབོར་དེ་སྒོར་མོ་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་གཉིས་ལས་བརྒལ་རྒྱུ་རེད། ཟླ12པའི་ཚེས15ནས་ཚེས16བར། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་ཚོགས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་།   རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པོར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པོར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་ཚོང་རའི་ཡིད་ཆེས་ཆེ་རུ་བཏང་ནས།  ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། འཕར་སྣོན་བརྟན་པོ་དང་ལས་ཞུགས་གཏན་འཇགས། དངོས་ཟོག་རིན་གོང་བརྟན་པོ་བཅས་ཀྱི་བྱ་བའི་གཙོ་གནད་དུ་བཟུང་ནས་ལེགས་པོར་བསྒྲུབ་པ་དང་། ཉེན་ཁ་ཚབས་ཆེན་འགོག་ཟོན་ནུས་ལྡན་དང་སེལ་ཐབས་བྱེད་པ།  དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། སྤུས་ཚད་ཇེ་ལེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་གོམ་སྟབས་བརྟན་པོ་སྤོ་དགོས།

བཅུ། ཚན་རིག་དང་མཐུན་ལ་གནད་འཁེལ་ལེགས་སྒྱུར་གྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་འཐུས་ཚང་དུ་བཏང་པ།

མུ་མཐུད་དུ་ངོ་བོ་འགྱུར་བཞིན་པའི་པྲོག་གསར་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་བཞག་ནས།  དུས་དང་བསྟུན་ནས་གནས་བབ་ལེགས་སྒྱུར་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད། ཟླ11ཚེས10ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་མཛད་དེ། སྔར་ལས་ཇེ་ལེགས་སུ་གཏོང་བའི་སྔོན་འགོག་ཚོད་འཛིན་བྱ་བའི་བྱེད་ཐབས་ཉི་ཤུར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཟླ12ཚེས7ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས《པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བ་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》(“དོན་ཚན་གསར་པ་བཅུ”)ཁྱབ་བསྒྲགས་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། དུས་མཚམས་གསར་པའི་སྔོན་འགོག་ཚོད་འཛིན་བྱ་བའི་གཙོ་གནད་དེ“བདེ་ཐང་འགན་ལེན་དང་ནད་གཞི་ཚབས་ཆེན་སྔོན་འགོག”ལ་ལེགས་སྒྲིག་བྱས་པ་རེད། ཟླ12ཚེས26ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། པྲོག་གསར་ནད་དུག་གློ་ཚད་ཅེས་པ་དེ་པྲོག་གསར་ནད་དུག་འགོ་ནད་ཅེས་པར་མིང་བརྗེས་ནས། 2023ལོའི་ཟླ1ཚེས8ཉིན་ནས་བཟུང་། པྲོག་གསར་ནད་དུག་འགོ་ནད་དེ“ཁ་པའི་རིགས་ཀྱི་དོ་དམ་བྱེད་སྟངས་ཀ་བ”ནས“ཁ་པའི་རིགས་ཀྱི་དོ་དམ་བྱེད་སྟངས་ཁ་བ”ལ་བསྒྱུར་རྒྱུ་རེད།


མཉམ་སྤྱོད།