དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིབ་གཤིས་སུ་གྱུར་རྗེས་ད་དུང་ཐང་ཆད་དོན་གང་ཡིན་ཞེ་ན།

2023-01-04 10:27:37   |   138

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། 


ནད་དུག་འགོས་ནས་གདགས་གཤིས་སུ་འགྱུར་མཁན་གྱི་ནད་འགོག་གཞི་རྐྱེན་བརྟག་དཔྱད་འབྲས་བུ་སྲིབ་གཤིས་ལ་གྱུར་ན་ཡང་། མི་མི་ཉུང་བ་ཞིག་ལ་སྔར་བཞིན་ལུས་ཤུགས་ཉམས་ཤིང་ཐང་ཆད་སླ་བ་དང་། བློ་རྩེ་གཅིག་ཏུ་སྒྲིམ་དཀའ་ལ། གོམ་བགྲོད་ཀྱང་ཇེ་དལ་དུ་གྱུར་ཏེ་ཉལ་བསམ་པ་ལས་འགུལ་སྐྱོད་བྱེད་འདོད་མེད་པ་ཞིག་ཆགས་ཀྱི་ཡོད།

2.png

ཟླ12ཚེས་29ཉིན། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ཏོག་གསར་ནད་དུག་འགོ་མཁན་གྱི་བདེ་ཐང་སླར་གསོའི་རིགས་གཅིག་མཁས་པའི་མཛུབ་སྟོན(པར་གཞི་དང་པོ)》བཀྲམ་པ་དང་། དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི《ཏོག་གསར་རིམས་ནད་ནད་པའི་བདེ་ཐང་སླར་གསོའི་ཕྱོགས་སྟོན》གཞིར་བཟུང་ཞིང་། ནད་ཐོག་ལྟ་ཞིབ་དང་མི་ཚོགས་ཀྱི་བརྟག་དཔྱད་དང་ཟུང་འབྲེལ་བྱས་ནས་ལུས་པོར་ཤུགས་མེད་པའམ་ཐང་ཆད་པ་དང་། ངལ་གསོས་རུང་ད་དུང་རིག་པ་དྭངས་གསལ་མེད་པ་ནི་ཏོག་གསར་ནད་དུག་འགོས་རྗེས་སླར་གསོ་བྱེད་པའི་སྐབས་ཀྱི་རྒྱུན་གཏན་གྱི་ནད་རྟགས་ཤིག་རེད་ཅེས་བཏོན་འདུག

1672799577112952.jpg

 སྲིབ་གཤིས་སུ་གྱུར་ཡོད་ན་ཡང་། ད་དུང་ལུས་ཤུགས་མེད་པ་གང་ཡིན། དུས་ཚོད་ཇི་ཙམ་སོང་ན་གཞི་ནས་སྔར་གྱི་ལུས་ཟུངས་ལ་སླར་གསོ་ཐུབ་བམ།

སྲིབ་གཤིས་སུ་གྱུར་རྗེས་ད་དུང་ཐང་ཆད་དོན་གང་ཡིན།

     ཀོང་ཀྲུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གསུམ་པའི་དབུགས་འབྱིན་རྔུབ་ཚན་ཁག་གི་སྨན་རམས་པའམ་སློབ་དཔོན་ཆེན་མོ་སོན་ཀྲི་ཅ་ཡིས་བསྟན་དོན། སྲིབ་གཤིས་སུ་གྱུར་རུང་རྦད་དེ་དྲག་སྐྱེད་བྱུང་བ་མཚོན་གྱི་མེད། གལ་ཏེ་ང་ཚོས་ནད་ཡམས་འགོ་བའི་བརྒྱུད་རིམ་དེ་གཡུལ་འགྱེད་ཅིག་ཏུ་ངོས་བཟུང་ཚེ། གདགས་གཤིས་ནས་སྲིབ་གཤིས་སུ་གྱུར་བ་དེ་འཐབ་འཁྲུག་ཅིག་མཚམས་བཞག་པ་མཚོན་པ་ལས། དམག་མཚམས་ཆད་པ་མཚོན་གྱི་མེད།

     ནད་འགོག་གཞི་རྐྱེན་དང་ཉིང་སྐྱུར་བརྟག་དཔྱད་འབྲས་བུ་སྲིབ་གཤིས་སུ་གྱུར་རུང་། ལུས་པོ་ད་དུང་མི་བདེ་བས། ནད་གཞི་སངས་དྲག་ཏུ་གྱུར་སོང་ཞེས་ཁ་ཚོན་གཅོད་མི་ཆོག

ལུས་ཟུངས་སྔོན་མ་ལྟ་བུར་ག་དུས་སླར་གསོ་ཐུབ་བམ།

     སོན་ཀྲི་ཅ་ཡིས་བསྟན་དོན། གཞི་ནད་མེད་པ་དང་ནད་དུག་འགོས་རྗེས་ནད་རྟགས་ཡང་བའི་མི་ཚོགས་ལ་མཚོན་ན་སླར་གསོའི་དུས་ཡུན་སྤྱིར་བཏང་ཐུང་ངུ་ཡིན་ཏེ། གཟའ་འཁོར་2ནས་3གྱི་རྗེས་སུ་ག་ལེར་སླར་གསོ་ཡོང་ཐུབ།

  1672799621257314.jpg

ལོ་ན་ཅུང་མཐོ་ཞིང་། གཞི་ནད་ཡོད་པ་དང་ནད་དུག་འགོས་རྗེས་ནད་རྟགས་ལྕི་བའི་མི་ཚོགས་ལ་མཚོན་ན་སླར་གསོའི་དུས་ཡུན་ཅུང་རིང་བ་སྟེ། ཞིབ་ཕྲའི་གནས་ཚུལ་མི་སོ་སོའི་ལུས་པོར་རག་ལས་ཡོད།

     ཡིན་ན་ཡང་། མི་ཚོགས་གང་ཞིག་ཡིན་རུང་འགུལ་སྐྱོད་ཅུང་ཟད་བྱས་རྗེས་དབུགས་འཚང་པ་དང་། གློ་བུར་དུ་སེམས་འཚབ་པ། སྙིང་མི་བདེ་བ་སོགས་བྱུང་ན་ཡིད་གཟབ་ཆེན་པོ་བྱེད་དགོས་ལ། དགོས་པ་ཡོད་ཚེ་མགྱོགས་པོ་སྨན་ཁང་དུ་འགྲོ་དགོས།

     པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་འགོ་ནད་ཚན་ཁག་གི་ཀྲུའུ་རེན་ཀའོ་ཡན་གྱིས་ཀྱང་བསྟན་དོན། སྲིབ་གཤིས་སུ་གྱུར་ན་ཡང་མིའི་ལུས་པོའི་ཟུངས་དང་ནུས་པ་སླར་གསོ་བྱུང་བར་ད་དུང་དུས་ཚོད་ངེས་ཅན་དགོས་ཏེ། ཕལ་ཆེར་གཟའ་འཁོར་2ནས་3བར་དགོས་ཀྱི་ཡོད། དེས་ན་ངལ་གསོ་ཡག་པོ་རྒྱག་པ་དང་། འཚོ་བཅུད་ཁ་གསབ་བྱས་ནས་ལུས་ཟུངས་སྔོན་མ་ལྟ་བུར་སླར་གསོ་ཡོང་བར་བྱེད་དགོས།


མཉམ་སྤྱོད།