དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དགུན་ཁའི་མཚོ་འགྲམ་གྱི་དགོ་དམར།

2023-01-04 11:46:34   |   222

རྩོམ་སྒྲིག  སངས་དོན།    ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།   གསར་འགོད་པ། སངས་རྒྱས་ཚེ་རིང་།


ཉེ་ཆར། གསར་འགོད་པས་དཔལ་དགེའི་རྩྭ་ཐང་ནས་དགོ་དམར་ཁྱུ་དང་ཁྱུ་བྱས་ཏེ་མཆོང་ལྡིང་བྱེད་ཅིང་གཟན་འཚོལ་བ་མཐོང་། ཁོ་ཚོའི་གསེར་མདོག་གི་སྤུ་ཁ་རྩྭ་མདོག་དང་མཉམ་ལ། སྐབས་རེར་མཆོང་ཞིང་ལན་རེར་རྒྱུགས་པས་གར་གྱིས་བཟི་བའི་མཐོ་སྒང་གི་རྣམ་ཤེས་ཉག་ཅིག་ཏུ་ངེས།

1672804367169513.jpg

དགོ་དམར་ནི་མདོ་དབུས་མཐོ་སྒང་ཁོ་ནར་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་ཞིག་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན། མཚོ་སྐོར་ས་ཁུལ་ནི་དགོ་དམར་གྱི་ངལ་གསོའི་གནས་མཆོག་ཅིག་སྟེ། ལོ་རེའི་ཟླ11པ་ནས་ཕྱི་ལོའི་ཟླ4བའི་བར། རྩྭ་སྐྱ་རླུང་གིས་གཏོར། གཙང་བོ་དར་གྱིས་གཡོགས་པས་དགོ་དམར་འཚོ་གནས་ཀྱི་ཆེས་དཀའ་ཁག་ཆེ་བའི་དུས་སྐབས་ཤིག་ཡིན་ལ། ལྕགས་རས་དགོ་དམར་ལ་རྨས་སྐྱོན་ཐེབས་པའི་གནས་ཚུལ་ཡང་རྒྱུན་མཐོང་ཡིན་པས། དུས་ཐོག་ཏུ་རོགས་སྐྱོབ་མ་ཐུབ་ཚེ་ཚེ་སྲོག་གི་ཉེན་ཁའང་འབྱུང་སྲིད། སྐྱེ་དངོས་རིགས་འདི་དག་གི་སྐྱེ་འཕེལ་ལ་སྲུང་སྐྱོབ་ལེགས་པོ་བྱ་ཆེད། དཔལ་དགེ་གྲོང་རྡལ་མངག་གཏོང་ཁང་ཡང་ཁོ་ཚོའི་སྲུང་སྐྱོབ་པར་གྱུར་ཡོད་ཅིང་། བསྟུད་མར་ཉིན་ཤས་རིང་། དཔལ་དགེ་གྲོང་རྡལ་མངག་གཏོང་ཁང་གིས་སྲུང་སྐྱོབ་ས་ཁུལ་ལ་དུས་ངེས་མེད་དུ་དམངས་དམག་མངགས་ཏེ་སྐོར་ཞིབ་བྱེད་ཀྱིན་ཡོད་ལ། ལྕགས་ར་དང་གཞུང་ལམ། ཆུ་རྒྱུད་ཁག་ཏུ་ཞིབ་བཤེར་ནན་མོ་བྱས་ནས། དགོ་དམར་གྱི་ཤི་རྨས་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཡོད། དགོ་དམར་སྲུང་སྐྱོབ་ཁུལ་དུ་གཟན་རྩྭ་སྟེར་བའི་ལས་དོན་སྤེལ་ཏེ་དགོ་དམར་གྱི་འཚོ་གནས་བདེ་འཇགས་ལ་ཤུགས་བསྣན། དེ་དང་ཆབས་ཅིག ཉེ་འཁོར་གྱི་འབྲོག་ཁྱིམ་དག་གི་སྲུང་སྐྱོབ་དྲིལ་སྒྲོག་ལས་དོན་ལ་ཤུགས་བསྣན་ནས། འབྲོག་པ་མང་ཚོགས་དགོ་དམར་སྲུང་སྐྱོབ་ཀྱི་ལས་དོན་ཁྲོད་ཞུགས་པར་སྣེ་ཁྲིད་བྱས།

1672804424465396.jpg

ཉེ་བའི་ལོ་ཤས་རིང་། དགོ་དམར་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་གནས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས། མཚོ་འགྲམ་གྱི་དགོ་དམར་གྲངས་ཀ་ལོ་རེར་ཇེ་མང་དུ་སོང་ཡོད། དེང་མའི300ནས2900བར་འཕར་ཡོད་པས་སྲུང་སྐྱོབ་དུས་འགོའི་ལྡབ11རེད། 


མཉམ་སྤྱོད།