དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2025ལོའི“རྒྱ་ལོ་བཅོ་ལྔའི”རིག་གནས་འགྲེམ་སྟོན་བྱེད་སྒོ་གྱ་ནོམ་པ་འཚོགས་པ།

2025-02-12 18:38:33   |   1230

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས12ཉིན་ཏེ་ལུགས་རྙིང་གི་ཟླ་དང་པོའི“རྒྱ་ལོ་བཅོ་ལྔའི”དུས་ཆེན་ཉིན། མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་མཚོ་བྱང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུས་གཙོ་གཉེར་བྱས་པའི་མཚོ་བྱང་ཁུལ་གྱི2025ལོའི“རྒྱ་ལོ་བཅོ་ལྔའི”རིག་གནས་འགྲེམ་སྟོན་བྱེད་སྒོ་ནུབ་མཚོ་ལུས་རྩལ་ར་བར་འཚོགས། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་དང་ཁུལ་སྤྱི་བདེ་ཅུ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་ཅུ། རྫོང་བཞིའི་འཁྲབ་སྟོན་པ་དང་དེ་བཞིན་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་རྒྱ་འཆམ་འཁྲབ་སྟོན་རུ་ཁག་བཅས་མཉམ་དུ་འཛོམས་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་ཤིང་། ཤིང་མོ་སྦྲུལ་ལོའི་ལོ་གསར་དང་རྒྱ་ལོ་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

1.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིན་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། དེ་བཞིན་ཁྱིམ་དུ་སྡོད་པའི་ཁུལ་རིམ་པའི་མགོ་ཁྲིད་བཅས་ཞུགས་ཡོད།     མདའ་བཞི་རྫོང་ཨུའི་འགན་འཁུར་བློ་མཐུན་གྱིས་བྱེད་སྒོ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་ཤིས་ཚིག་ཕུལ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུའི་འགན་འཁུར་བློ་མཐུན་གྱིས་བྱེད་སྒོ་གཙོ་སྐྱོང་བྱས།  

བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“ཤིང་མོ་སྦྲུལ་ལ་གཟའ་སྐར་འཕྲོད་སྦྱོར་ལེགས། དག་སྣང་མཚོ་བྱང་རྣམ་པ་གསར་པས་ཁེངས”ཞེས་པ་ཡིན་ཞིང་། ཁུལ་དང་རྫོང་བཞིའི་རྟ་རྩལ་འཁྲབ་སྟོན་རུ་ཁག་དང་། རྟ་ཐོག་སྤྱི་བདེ་ཉེན་རྟོག་རུ་ཁག མཚོ་སྔོན་གྱོ་རྒྱ་ཐོ་རུ་རུ་ཁག རྔ་མོང་རུ་ཁག སྦྲུམ་མང་བོད་ལུག་རུ་ཁག དཔའ་རིས་ནོར་དཀར་རུ་ཁག རྒྱ་འཆམ་རུ་ཁག འབྲས་དཀར་རུ་ཁག། མདའ་འཕེན་འཁྲབ་སྟོན་རུ་ཁག རྩེད་ཆས་འཁྲབ་སྟོན་རུ་ཁག ཁ་ཆེའི་མཛའ་གཞས་འཁྲབ་སྟོན་རུ་ཁག སྒོ་མེ་རྩེད་རིགས་འཁྲབ་སྟོན་རུ་ཁག གསེར་དངུལ་ཐང་མ་རྡུལ་མཁར་རྐང་འཁོར་རུ་ཁག་སོགས་རུ་ཁག21དངམི900ལྷག་ཙམ་འཁྲབ་སྟོན་ནང་ཞུགས་ཡོད། མཚོ་སྔོན་གྱོ་རྒྱ་དང་རྔ་མོང་། བོད་ལུག དཔའ་རིས་ནོར་དཀར་བཅས120ལྷག་ཙམ་དལ་གྱིས་ར་བའི་ནང་དུ་འཛུལ་ནས་ཉེ་བའི་ལོ་ཤས་རིང་གི་མཚོ་བྱང་ཁུལ་གྱི་ཕྱུགས་ལས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་གཟི་བརྗིད་ལྡན་པའི་གྲུབ་འབྲས་གང་ལེགས་མངོན།

འགྲེམ་སྟོན་བྱེད་སྒོའི་རྗེས་སུ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་རྒྱ་འཆམ་རུ་ཁག་གི“ཏེང་ཀོན”དང་། “ཡེ་ཤེས་དཔལ་མོ ”དང་། སེང་གེའི་ཞབས་བྲོ་རུ་ཁག “ལྷ་ཆེན་བརྒྱད་”སོགས་ལས་གྲུབ་པའི་རྒྱ་འཆམ་གྱི་འཐུས་ཚབ་རུ་ཁག་གིས་མདའ་བཞི་རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་རྣམས་ཀྱི་སྣེ་ཁྲིད་འོག ཁུལ་གྱི་ཚན་ཁག་ཆེན་པོ་བཞི་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་གནང་།

17~1.jpg

དེའི་རྗེས་སུ། ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ལོ80ཡན་གྱི་རྒན་པ31དང་མཚོ་བྱང་གི་ཆིང་ཧྭ་དང་པེ་ཅིང་སློབ་ཆེན་གྱི་ཕུལ་བྱུང་སློབ་མ4ལ་འཚམས་འདྲི་གནང་བ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་ལས་མཚོ་བྱང་ཁུལ་གྱིས་རྒན་པ་དང་བྱིས་པར་གནང་བའི་ཐུགས་ཁུར་ཟབ་མོ་དང་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་པར་བྱས། 

ཉིན་གུང་། ད་ཐེངས་ཀྱི་འཁྲབ་སྟོན་བྱེད་སྒོ་དེ་གླུ་གར་ཞབས་བྲོ《བཀྲ་ཤིས་སྦྲུལ་གྱིས་ལོ་གསར་ལ་རྟེན་འབྲེལ་ཞུ》ཞེས་པའི་ཁྲོད་མཐོ་རླབས་སུ་སླེབས་པ་དང་།《ལོ་གསར་གྱི་སྨོན་འདུན་》སོགས་ཀྱི་ལེ་ཚན་ཕུན་སུམ་ཚོགས་པས་ལྟད་མོ་བ་ཚོར་མིག་དང་རྣ་བའི་ལོངས་སྤྱོད་གྱ་ནོམ་པ་ཕུལ། འཁྲབ་སྟོན་མཇུག་སྒྲིལ་རྗེས། མདའ་བཞི་རྫོང་གི་མི་རིགས་ཁག་གི་མང་ཚོགས600ལྷག་ཙམ་ལས་གྲུབ་པའི་རྒྱ་འཆམ་རུ་ཁག་གིས་མཛེས་སྡུག་ལྡན་པའི་དུས་ཆེན་གྱི་གཟབ་ཆས་སྤྲས་ཤིང་རྔ་རྡུང་བཞིན་གར་སྟེགས་སུ་ཞུགས།  

ཕྱི་དྲོར། མཚོ་བྱང་ཁུལ་གྱི་རྫོང་བཞི་ནས་ཡོང་བའི་འཐུས་མིའི་རུ་ཁག7གྱི་བདམས་ཐོན་པ70ཡིས་ནུབ་མཚོ་མདའ་འཕེན་ཁང་དུ2025ལོའི་“རྒྱ་ལོ་བཅོ་ལྔའི”མཛའ་བརྩེའི་མདའ་འཕེན་འགྲན་བསྡུར་སྤེལ་རྒྱུ། མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ་དང་།  མཚོ་བྱང་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཧུར་ཐག་བྱས།     

ཁུལ་ཐད་གཏོགས་སྡེ་ཚན་ཁག་དང་། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་ཁག མང་ཚོགས་ཚོགས་པ། མདའ་བཞི་རྫོང་ཐད་གཏོགས་སྡེ་ཚན། འབྲེལ་ཡོད་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་པ། དེ་བཞིན་ནུབ་མཚོ་གྲོང་རྡལ་མཐའ་འཁོར་གྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་མཉམ་དུ་འགྲེམ་སྟོན་ལ་བལྟས།  


མཉམ་སྤྱོད།