དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2025ལོའི་ལས་བྱེད་པ་གྲོང་གསེབ་ཏུ་བསྐྱོད་པའི“འཆད་པ་གཉིས་དང་སྐུལ་འདེད་བཞིའི”བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས།

2025-02-14 10:09:10   |   1033

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས13ཉིན། མཚོ་བྱང་ཁུལ་གྱི2025ལོའི་ལས་བྱེད་པ་གྲོང་གསེབ་ཏུ་བསྐྱོད་པའི“འཆད་པ་གཉིས་དང་སྐུལ་འདེད་བཞིའི”བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས། ཁུལ་ཡོངས་སུ་གྲོང་གསེབ་དར་སྤེལ་གྱི་ཧྲུའུ་ཅི་དང་པོ་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་མི293གཙོ་བྱས་པ་དང་། ཐིང་རིམ་པའི་ལས་བྱེད་པ31དང་རྫོང་རིམ་པའི་ལས་བྱེད་པ79ཡིས་རུ་ཁག་ཁྲིད་དེ། ལས་བྱེད་པ763ཁུལ་ཡོངས་ཀྱི་རྫོང4དང་ཡུལ་ཚོ་དང་གྲོང་རྡལ30ཡི་སྡེ་བ214དུ་ཕྱིན་ནས་ཀྲུང་དབྱང་དང་ཞིང་ཨུའི་ཡིག་ཆ་ཨང་དང་པོ་སྒྲོག་བཤད་གནང་རྒྱུ་རེད།   

ད་ཐེངས་ཀྱི་བྱེད་སྒོ་དེ་ཟླ2པའི་ཚེས13ནས་མགོ་ཚུགས་ནས་ཟླ3པའི་ཚེས13ཉིན་མཇུག་སྒྲིལ་རྒྱུ་རེད། ཉིན30ཡི་དུས་ཚོད་གང་ལེགས་སྤྱད་དེ་ལས་བྱེད་པ་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་རྒྱུ་སྒྲིག་འཛུགས་ཀྱིས། “སྲིད་ཇུས་དང་གཏམ་རྒྱུད་འཆད་པ། ཐོན་ལས་དང་ལས་ཞུགས། དར་སྤེལ།   འཆམ་མཐུན་ལ་སྐུལ་འདེད”ཅེས་པའི་བྱེད་སྒོའི་ནང་དོན་དམ་འཛིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱ་ཁྱབ་གཏིང་ཟབ་ངང་སྒྲོག་སྤེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་ཀྱི་དགོངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གྲོས་ཚོགས། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཨུའི་གྲོང་གསེབ་འབྲོག་ཁུལ་ལས་དོན་ཚོགས་འདུ།    ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན།  ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་བཅས་དང་། ཀྲུང་དབྱང་དང་ཞིང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོལ་འགྲེལ་བྱ་རྒྱུ་དང། ཞིང་ཆེན་གྱི“ཚོགས་ཆེན་གཉིས”དང“ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་མི་ལས་ཞུགས་འགན་ལེན་བྱེད་པ། གྲོང་གསེབ་དང་འབྲོག་ཁུལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ། དེ་བཞིན་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་སོགས་ཞིང་ལས་སྟོབས་ཆེར་གཏོང་བའི་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཞིང་ཕན་སྲིད་ཇུས་ཀྱི་“ཕན་པ་ཐོབ་མཁན་”དང་“སྲིད་ཇུས་ཤེས་མཁན་”དུ་འགྱུར་བ་དང་།    མང་ཚོགས་ཀྱིས“ཏང་གི་བཀའ་དྲིན་དྲན་པ། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་བསྐྱོད་པར”ཁྲིད་སྟོན་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ངར་ཤུགས་སྐུལ་སློང་བྱེད་རྒྱུ་རེད།


མཉམ་སྤྱོད།