དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྲའན་ཞི་ཅིན་པའེ་ཁྲེང་ཚན་རྩལ་ཚད་ཡོད་སྤྱི་གཉེར་གྱི་ཏུང་ཧྲི་ཀྲང་ལིན་ཀྲེན་ལུང་བཅས་པ་དང་གྲོས་མོལ་སྤེལ་རེས་བྱས།

2025-02-19 10:11:00   |   1229

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་གྲོང་རྡལ་དུ་ཧྲའན་ཞི་ཅིན་པའེ་ཁྲེང(金佰成)ཚན་རྩལ་ཚད་ཡོད་སྤྱི་གཉེར་གྱི་ཏུང་ཧྲི་ཀྲང་ལིན་ཀྲེན་ལུང་བཅས་པ་དང་གྲོས་མོལ་སྤེལ་རེས་བྱས་ཤིང་། ཕྱོགས་གཉིས་པོས་མཐོ་སྒང་མི་མེད་གནམ་གྲུ་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དམའ་དབྱིངས་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བསྐྲུན་རྒྱུར་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས་པ་མ་ཟད་ཐོག་མའི་མཉམ་ལས་ཀྱི་མོས་མཐུན་བྱུང་།   

1.jpg 

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ལིན་ཀྲེན་ལུང་དང་བཅས་པ་མཚོ་བྱང་དུ་མ་འཇོག་དང་བྱ་གཞག་དར་སྤེལ། མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། མཚོ་བྱང་དུ་སྐྱེ་ཁམས་ཐོན་ཁུངས་དང་གནས་ཡུལ་འགྱེད་འཕྲོ། སྲིད་ཇུས་འདུས་གྲུབ། ཐོན་ལས་ཐེག་ནུས།    ཚོང་གཉེར་ཁོར་ཡུག་སོགས་ཀྱི་དགེ་མཚན“ཆེན་པོ་ལྔ་”གཞི་གཅིག་ཏུ་འདུས་ཡོད། དམའ་དབྱིངས་དཔལ་འབྱོར་ནི་དཔལ་འབྱོར་གྱི་རྣམ་པ་གསར་པ་ཞིག་ཡིན་པའི་ཆ་ནས་ཚན་རྩལ་མཐོ་བའི་གཙོ་ཁྲིད་དང་། ནུས་ཆེའི་གཉེར་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ལྟེ་བའི་ཁྱད་ཆོས་ལྡན་པས་མཚོ་བྱང་ཁུལ་དུ་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་དམའ་དབྱིངས་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་གོ་སྐབས་སུ་བཟུང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་བཀོད་པ་གལ་ཆེན་འཛུགས་དགོས། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་སྐུལ་འདེད། ཚོང་འགུགས་མ་དངུལ་འཇོག་པའི་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ།    ཐོན་ལས་ཀྱི་“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས། ཚོང་འགུགས་ལས་རིགས་དར་སྤེལ་དང་ཐོན་ལས་ཀྱིས་ཁུལ་སྟོབས་ཆེར་གཏོང་བའི་དམིགས་འབེན་ལྟར། ཚོང་འགུགས་མ་འཇོག་དེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་“འགག་རྩའི་སྒུལ་ཤུགས་”སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཁུངས་གསར་པ་དང་།    གྲངས་འཛིན་དཔལ་འབྱོར། རྩེར་སོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ལ་དམིགས་ནས།     “ཆེད་ཚན་སྐུལ་འདེད+སྦྲེལ་མཐུད་རྣམ་པའི་ཚོང་འགུགས+འཁོར་ཡུན་ཧྲིལ་པོའི་ཞབས་ཞུའི”ལམ་སྲོལ་མུ་མཐུད་ལེགས་སུ་བཏང་ནས་གནད་ལ་འཁེལ་བའི་སྦྲེལ་མཐུད་དང་ཕན་ནུས་ཆེ་བའི་ཞབས་ཞུ་ལ་བརྟེན་ནས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་དང་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན། ད་ཐེངས་ཀྱི་མཉམ་ལས་ནི་མཚོ་བྱང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“ཆེད་ཚན་ཆེད་གཉེར་འགན་འཁྲི་དང་དམིགས་བསལ་དོན་དག་དམིགས་བསལ་གྱིས་སྒྲུབ་པ”མཐའ་འཁྱོངས་བྱས་ཏེ་ས་ཞིང་དང་ནུས་ཁུངས། འགྲིམ་འགྲུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཞིབ་མཆན་དང་། ས་སྤྱོད། འཕྲིན་གཏོང་། གློག་ཤུགས་སོགས་ཀྱི་ཐད“ལྗང་མདོག་བགྲོད་ལམ”བཏོད་དེ་ལྷག་བསམ་ཆེ་ཤོས་དང་། སྲིད་ཇུས་ལེགས་ཤོས། འགན་སྲུང་ཆེ་ཤོས་བཅས་ཀྱི་ཐོག་ནས་མི་མེད་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་དང་རིག་ནུས་རྩིས་རྒྱག་ལྟེ་གནས་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་སྟེ། རྣམ་གྲངས་ “གེགས་མེད་སྐུལ་འདེད། སྤུས་ཚད་མཐོ་བའི་ངང་འགྲུབ་པ། ལས་ཕྱོད་ཆེ་བའི་གཉེར་སྐྱོང་བཅས་བྱ་རྒྱུའི་འགན་ལེན་བྱས་ཏེ། ཁེ་ལས་ཀྱིས་ནུབ་བྱང་ས་ཁུལ་གྱི་མི་མེད་གནམ་གྲུའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བཀོལ་སྤྱོད་ཀྱི་ཚད་གཞིའི་སྟེགས་བུ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན།

2.jpg

ལིན་ཀྲེན་ལུང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མིག་རྒྱ་ཡངས་པོ་དང་དངོས་སྒྲུབ་སྤྱོད་ཚུལ་ལ་ཚད་མཐོའི་གདེང་འཇོག་བྱས། ཁོང་གིས་བསྟན་དོན། མཚོ་བྱང་ཁུལ་གྱི་ཐུན་མོང་མ་ཡིན་པའི་མཁའ་ཁོངས་ཆ་རྐྱེན་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། ནུས་ཆེའི་ལག་བསྟར་ནུས་པ་བཅས་ཀྱིས་ཁེ་ལས་ཀྱིས་མི་མེད་གནམ་གྲུའི་ཐོན་ལས་བཀོད་སྒྲིག་བྱ་རྒྱུར་གོ་སྐབས་ཡག་པོ་མཁོ་འདོན་བྱས་ཡོད། མི་མེད་གནམ་གྲུའི་འཕུར་སྐྱོད་ཚོད་ལྟའི་རྟེན་གཞི་དང་རིག་ནུས་རྩིས་རྒྱག་ལྟེ་གནས་རྣམ་གྲངས་ཀྱི་དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར3.8བཏང་བའི་ནང་མི་མེད་གནམ་གྲུའི་འཕུར་སྐྱོད་ཚོད་ལྟའི་ར་བ་འཛུགས་སྐྲུན་དང་།  ཆེད་ལས་འཕུར་སྐྱོད་ཚོད་ལྟའི་ཚོགས་པ་འཛུགས་པ། སྔོན་ཐོན་གྱི་འཕུར་སྐྱོད་ཚོད་ལྟའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་བཅས་ཚུད་ཡོད་པ་མ་ཟད། རྟེན་གཞིའི་གཉེར་སྐྱོང་སྲུང་སྐྱོང་དང་གསོ་སྦྱོང་ཞབས་ཞུ་སོགས་ཀྱི་ལས་དོན་ནང་སྔོན་ལ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱ་རྒྱུ་ཡིན་པས། མཚོ་བྱང་ལ་ལས་ཞུགས་གོ་སྐབས་བསྐྲུན་ཐུབ་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་ཐུབ་པ་དང་། མཚོ་བྱང་གིས“ཞིབ་འཇུག་གསར་སྤེལ་དང་ཚོད་ལྟ། ཉེར་སྤྱོད་བཅས་གཞི་གཅིག་ཅན་གྱི་མཁའ་དབྱིངས་དཔལ་འབྱོར་སྐྱེ་ཁམས་མུ་ཁྱུད་འཛུགས་རྒྱུ་དང་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པའི་གསར་དར་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།   

3.jpg

ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་།  ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། བཟོ་ལས་ཆ་འཕྲིན་ཅུ། རང་བྱུང་ཐོན་ཁུངས་ཅུ་བཅས་ཀྱི་འགན་འཁུར་བ་གཙོ་བོ། དེ་བཞིན་རྐང་ཚ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།


མཉམ་སྤྱོད།