དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱིན་མའོ་ཝུན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་མཇལ་འཕྲད་གནང་བ།

2023-01-05 09:47:12   |   151

སྒྲིག་སྒྱུར།  སངས་དོན། 


ཟླ1ཚེས3ཉིན་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་མཇལ་འཕྲད་བྱེད་དུ་སོང་ཞིང་།  ཐིང་ཀྲང་ཧོ་ཚན་ལ་གཙོ་གནད་ལས་དོན་འབྲེལ་མཐུད་ཀྱི་སྙན་སེང་ཞུས་པ་དང་འབྲེལ་ཐིང་ཀྲང་གཞོན་པ་ཁག་དང་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་དང་ཁ་བརྡ་བཞུགས་མོལ་གནང་། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ཡི་ཅུ་ཀྲང་ཀྲའོ་ཁྲང་མིང་གིས་ཕེབས་རོགས་བྱས།

1672883313191633.jpg

དབྱིན་མའོ་ཝུན་གྱིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་དང་མཛུབ་ཁྲིད་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།  འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ཚོད་ལྟ་དང་། མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་འཛུགས་བྱེད་པ།  འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ལྟ་སྐུལ་དོ་དམ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་བདག་སྐྱོང་སོགས་གཙོ་གནད་ལས་དོན་སྙན་སེང་དང་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད། ཞིང་ཆེན་ཐིང་གིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་ལས་སྒོ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་མཉམ་ལས་གཉིས་ཕན་གྱི་ལས་རྣམ་གཏོད་དགོས་པའི་བསམ་ཚུལ་བསྟན། 

1672883382177907.jpg

ཧོ་ཚན་གྱིས་མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དང་ས་བབ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་། ལྷག་པར་དུ་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་ལམ་དྲའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།  ཁོང་གིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཚོ་བྱང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་དུ་དོ་ཁུར་བྱས་ཏེ། རྣམ་གྲངས་གལ་ཆེན་དང་མ་དངུལ་ལེ་ལག་ཚང་བ། ལས་སྒོའི་མཛུབ་ཁྲིད། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐུན་མོང་ཐོག་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་། ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་ཁུལ་དུ་གསར་བརྗེའི་རིག་གནས་སློབ་གསོ་དང་ལེན་བྱེད་དུ་འགྲོ་རྒྱུ་དང་། མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།


མཉམ་སྤྱོད།