དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས།

2023-01-05 08:49:15   |   147

རྩོམ་སྒྲིག  སངས་དོན།     ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།    ལོ་ཙཱ།  རིན་ཆེན་མཚོ།


ཟླ1པོའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་མཐུན་ཞུའུ་ཆི་ཧྥང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུང་དབྱང་གི་གཏན་ཁེལ་སྒྲོག་འདོན་བྱས། བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་ཁུར། བློ་མཐུན་ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་གྱི་འགན་ཁུར་མཚམས་བཞག

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཁྲིན་ཀང་གིས་གཏམ་བཤད་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་གཏན་ཁེལ་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་ཐུགས་ཁུར་ལ་བཀའ་དྲིན་ཞུས་པ་ཡིན། ངས་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་ལས་འགན་བརྩི་སྲུང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་བདེན་འཛིན་དངོས་གཉེར་བྱེད་པ། བློ་སེམས་རྩེ་གཅིག་གིས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་ཁྲོད་ཞུགས་ནས། ཏང་ཀྲུང་དབྱང་གི་མངག་བཅོལ་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་སྟོང་ཟད་མི་གཏོང་བ་ཁོ་ཐག་ཡིན།

ཁྲིན་ཀང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། རིགས་སོ་སོའི་མི་དམངས་དང་མཐོ་སྒང་ལ་ཐུགས་ཁུར་བྱས་ལ། ཐེངས་གཉིས་ལ་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་དང་ཐེངས་གཉིས་ལ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་དང་རྒྱལ་ཡོངས་ཀྱི་གནས་བབ་ཁྲོད་ཀྱི་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་ཁེལ་གསལ་བོ་བྱས་པ་དང་། མཚོ་སྔོན་འཕེལ་རྒྱས་དང་འབྲེལ་བའི་བླང་བྱ་གལ་ཆེན་རབ་དང་རིམ་པ་བཏོན་ལ། མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རླབས་ཆེན་གྱི་འཆར་གཞི་བཀོད་ལ། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་མཐུན་སྒྲིལ་འབད་འཐབ་དང་ལས་གཉེར་ལས་སྐྲུན་གྱི་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས། གྲུབ་འབྲས་བླངས་པ་དེ་ནི། ཏང་ཀྲུང་དབྱང་གི་འགོ་ཁྲིད་ཡང་དག་བྱས་པའི་མཇུག་འབྲས་ཡིན་ལ། སྐབས་རེ་རེའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་བློ་གཅིག་སེམས་གཅིག་དང་འབད་འཐབ་ལྷོད་མེད་བྱས་པའི་མཇུག་འབྲས་ཡིན། བློ་མཐུན་ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱི་བྱ་བར་མགོ་འཛིན་བྱེད་སྐབས། སྤྱི་ཡོངས་ཀྱི་འདུ་ཤེས་མཐོན་པོ་དང་གསར་གཏོད་ཀྱི་སྙིང་སྟོབས་ཆེན་པོ། འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། དམངས་གཅེས་བརྩེ་སེམས་སྟུག་པོ་དང་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐད་ནས་ཡུན་རིང་གི་ཡར་ཐོན་བྱུང་བར་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་་ཐོབ།

ཁྲིན་ཀང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་འཆར་གཞི་བཀོད་པ་དང་། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཞིང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གཏན་ཁེལ་བྱས། མཚོ་སྔོན་གྱི་མི་དམངས་ས་ཡ་ལྔ་དང་འབུམ་དགུ་ཁྲི་བཞིའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ངས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཚན་ཁག་གི་ཁོངས་མི་དང་མཉམ་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་མཁས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོར་དམིགས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ་དང་། མཚོ་སྔོན་གྱི་སྐབས་རེ་རེའི་འགོ་ཁྲིད་ཚན་ཁག་གི་སྲོལ་རྒྱུན་བཟང་བོ་དང་སྤྱོད་ཚུལ་བཟང་བོ་དར་སྤེལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་རྒྱབ་རྟེན་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཚོ་སྔོན་གྱི་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་སྟེང་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་སྟེང་ཕན་འབྲས་བརྩོན་ལེན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཁྲིན་ཀང་གིས་བཤད་རྒྱུར། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་གཤིས་ཀ་གཙོ་བོ་དང་ལས་གཉེར་ལས་སྐྲུན་གྱི་ཆབ་སྲིད་ཀྱི་རྩ་བའི་སྔོན་འགྲོ་རུ་བརྩི་བ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས། རང་རྟོགས་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་བཀོད་སྒྲིག་ཁྲོད་བཞག་སྟེ་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། བདེན་འཛིན་དངོས་གཉེར་གྱིས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་ནས་ཕན་འབྲས་བརྩོན་ལེན་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། མཉམ་དུ་ཕྱུག་པོར་བསྒྱུར་བ་མངོན་འགྱུར་བྱེད་པ། དམངས་ཚིས་ཀྱི་དོན་དངོས་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལས་ཞུགས་རྒྱ་སྐྱེད་དང་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་བ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་མི་དམངས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྐྱིད་ཚོར་སྔར་ལས་རྒྱུན་མཐུད་བྱེད་པ། བདེ་སྣང་ལ་སྔར་ལས་འགན་སྲུང་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དེ་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། མི་རིགས་ས་ཁུལ་གྱི་འགན་སྲུང་དང་དམངས་ཚིས་ལེགས་བསྒྱུར་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མཐོར་འདེགས་གཏོང་དགོས། ཤེས་ལྡན་མི་སྣ་ཐོན་ཁུངས་དང་པོར་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། དམག་དམངས་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་གཏོང་བ་དང་ཕྱོགས་སོ་སོའི་འཇོན་མི་གཅིག་ཏུ་བསྡུས་ནས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་འབུལ་ཇུས་འདོན་བྱེད་དགོས། དག་གཙང་སྲིད་གཙང་གིས་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་བར་དུ་ཡོད་པ་ཡིད་ལ་དམ་པོར་འཛིན་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ལག་བསྟར་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པར་བྱེད་དགོས། མི་འདེམ་མི་བཀོལ་གྱི་ཁ་ཕྱོགས་ཡང་དག་འཛུགས་པ་དང་གཞི་རིམ་གྱི་ཁྲིད་ཕྱོགས་གསལ་བོ་དམ་འཛིན་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བཟང་བོར་བསྐྱོད་པ། ལས་བྱེད་པ་དག་གཙང་ཡིན་པ་དང་སྲིད་གཞུང་སྲིད་གཙང་ཡིན་པ། ཆབ་སྲིད་དག་གཙང་ཡིན་པ། སྤྱི་ཚོགས་སྣང་ཚུལ་བཟང་བའི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཀྲུང་དབྱང་གིས་བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་རྒྱུ་གཏན་ཁེལ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཚོ་སྔོན་བྱ་བའི་ཐད་ཧ་ཅང་ཐུགས་ཁུར་བྱེད་པ་དང་། མཚོ་སྔོན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ལ། ངས་ཀྲུང་དབྱང་གི་གཏན་ཁེལ་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་ཡིན། བློ་མཐུན་ཞིན་ཁྲང་ཞིང་གིས་མཚོ་སྔོན་དུ་བྱ་བ་སྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་གོང་འོག་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ཁག་ཁྱད་སེལ་དང་དཀའ་སྤྱད་འབད་འཐབ་བྱས་ནས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐད་ནས་ཡུན་རིང་གི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཙུགས་པ་དང་ཉམས་མྱོང་དང་རྒྱུ་ནོར་རྩ་ཆེན་བཞག མིག་སྔར་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་ཞུགས་པའི་དུས་སྐབས་གལ་ཆེན་དུ། བློ་མཐུན་ཁྲིན་ཀང་མཚོ་སྔོན་དུ་བྱ་བ་བསྒྲུབ་པར་ཡོང་བ་དེས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་སྣང་ཚུལ་གསར་བ་བསྐྲུན་པ་དང་གསོན་ཤུགས་གསར་བ་བསྣན་ལ། ང་ཚོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས། ངས་བྱ་སྤྱོད་དངོས་ཀྱི་སྟེང་ནས་བློ་མཐུན་ཁྲིན་ཀང་གི་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་ཀྱིན་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་གཅིག་གྱུར་འགོ་ཁྲི་འོག ཞིང་ཆེན་སྲིད་གཞུང་ཚན་ཁག་གི་བློ་མཐུན་དང་མཉམ་དུ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཚད་གཞིར་འཛིན་པ། ནམ་ཡང་ཏང་ལ་བློ་དཀར་བར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ནམ་ཡང་ཁག་ཁུར་འབད་འཐབ་བྱེད་པ། དངོས་གཉེར་དང་ཕན་འབྲས་དངོས་ལ་བརྟེན་ནས་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐད་ནས་ཡར་ཐོན་གསར་བ་འབྱུང་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཚོ་སྔོན་མཐོ་སྒང་དུ་སྔར་ལས་གསོན་ཤུགས་ལྡན་པའི་མངོན་སུམ་གྱི་ལྗོངས་རིས་འགྲེམ་སྟོན་བྱེད་ཐུབ་པར་བརྩོན་ལེན་བྱེད་རྒྱུ་ཡིན།

ད་ལྟ་འགན་ཁུར་ཡོད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་བློ་མཐུན་རྒན་པ། ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྗེས་སྣོན་ཨུ་ཡོན། ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ལས་དོན་སྡེ་ཁག་དང་མཐོ་རིམ་སློབ་གླིང་གི་འགན་ཁུར་མི་སྣ་གཙོ་བོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འགན་ཁུར་མི་སྣ་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུའུ་རིན་ཨུ་ཡོན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགོ་ཁྲིད་པ་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།


མཉམ་སྤྱོད།